དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་ཐང་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-25 11:28:39   |   35

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་ཐང་བཅོ་བརྒྱད།  

ཨ་རུ་སྲང་གང་། བ་རུ་ཞོ་བདུན། སྐྱུ་རུ་སྲང་གང་། མ་ནུ་སྲང་གང་། ཀཎྜ་ཀ་རི་སྲང་གང་ཞོ་ལྔ། སླེ་ཏྲེས་སྲང་གང་། སྒ་སྐྱ་ཞོ་ལྔ། ཙན་དམར་སྲང་གང་ཞོ་ལྔ། ཨ་གར་གཉིས་ཞོ་བརྒྱད། རུ་རྟ་ཞོ་ལྔ། ཛཱ་ཏི་ཞོ་དོ། ལི་ཤི་ཞོ་དོ། སེང་ལྡེང་སྲང་གང་། ཀོ་བྱིལ་ཞོ་ལྔ། ཚེར་སྔོན་སྲང་གང་། མཛོ་མོ་ཤིང་དམར་པོ་སྲང་དོ། སྤོས་དཀར་ཞོ་ལྔ། གུལ་ནག་ཞོ་ལྔ། རྒྱ་ཚོས་ཞོ་ལྔ། བཙོད་ཞོ་བརྒྱད་བཅས་གཙང་བཟོས་ཧྲོབ་བརྡུང་ཕྱེ་རིལ་གངརུང་བཟོ་རྒྱུ། གོང་གི་གསེར་ཐང་བཅོ་བརྒྱད་སྟེང་ཁ་སྐོམ་དུས་རྫ་རྙིང་སོ་བཏང་ཞོ་བརྒྱད། འུ་སུའི་ལོ་འབྲས་ཞོ་བརྒྱད། སྟབ་སེང་ཞོ་བརྒྱད། གཅིན་པ་འབབ་དཀའ་དུས་གཟེ་མ་ཞོ་བརྒྱད། ལྕམ་འབྲུ་ཞོ་བརྒྱད། གསེར་བྱེ་ཞོ་ལྔ། སྡིག་སྲིན་ཞོ་བརྒྱད་བཅས་བསྣོན་རྒྱུ།

ཕན་ནུས། 

གསེར་ཐང་བཅོ་བརྒྱད་བཟི་མེད་ཅུང་ཟད་བསིལ། འབམ་རིགས་གྱེན་ལོག་རླུང་ཁྲག་སྟོད་ནད་དང་། སྟོད་གཟེར་དབུགས་ཐུང་རྔམ་རྒོད་རྒྱབ་མདུན་གཟེར། ཡང་ན་སྟོད་སྨད་རེས་མོས་བྱས་ཏེ་ན། མིག་དམར་མཆུ་ཏོ་སྐྲངས་ལ་སོ་རྐན་རྒྱས། སོ་རྙིལ་ཁྲག་འཛག་ཡང་ན་སྣ་ཁྲག་དོན། སོ་དང་མུར་འགྲམ་བྲང་ཁོག་རོ་སྟོད་ན། རང་གནས་ཞིའམ་ཡང་ན་སྨད་དུ་འབེབས། རྐང་འབམ་ནད་ལ་དུས་གསུམ་བཏང་འགྱུར་ན། ཐོག་མར་འབེབས་དང་བར་དུ་སྐྲངས་པ་འཇོམས། ཐ་མར་ཁྲག་ངན་རང་སར་སྐེམས་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟིསོགས་སྦྱོར།


མཉམ་སྤྱོད།