དེ་རིང་ནི2025ལོའི་ཟླ09པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེམས་ཀྱི་བདེ་སྐྱིད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-26 08:33:55   |   25

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེམས་ཀྱི་བདེ་སྐྱིད།

གོ་ཡུ་དཀར་པོ་སྲང་གང་། ཨར་ནག་ཞོ་བརྒྱད། ལི་ཤི་ཞོ་གསུམ། ཛཱ་ཏི་ཞོ་དོ་སྐར་ལྔ། ཤིང་ཀུན་ཞོ་གང་། རུ་རྟ་ཞོ་ལྔ། སྙིང་ཞོ་ཞོ་བཞི། སྒ་སྐྱ་ཞོ་བཞི། པི་ལིང་ཞོ་གསུམ། ཕོ་རིལ་ནག་པོ་ཞོ་གསུམ་སྐར་ལྔ། ཁ་རུ་ཚྭ་ཞོ་གང་སྐར་ལྔ། སྨན་ཆེན་ཞོ་གསུམ། རི་སྙིང་ཞོ་གང་སྐར་ལྔ། འབྲོང་གི་སྙིང་ཁྲག་ཞོ་གང་སྐར་ལྔ། བུར་སྨུག་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེམས་ཉིད་བདེ་སྐྱིད་བཟི་དང་དྲོད་ཆེ་བས། སྙིང་རླུང་སྙིང་གཡུག་འཕར་སྟངས་མི་ལེགས་པ། སྙིང་རྒྱས་སྟོད་བརྒྱངས་དབུགས་སྣ་ཐུང་བ་དང་། སེམས་སྡུག་བྱེད་ཅིང་དོན་མེད་ངུ་བ་དང་། སྙིང་སྟོབས་ཉམས་ནས་ཞེད་སྣང་ཆེན་པོ་སྐྱེད། ཁྱད་པར་སྙིང་རླུང་ནད་ལ་མཆོག་ཏུ་བསྔགས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།