དེ་རིང་ནི2025ལོའི་ཟླ09པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིན་གླང་རིལ་བུའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-28 08:36:49   |   21

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྲིན་གླང་རིལ་བུ།(ཆིག་ཐུབ་རིལ་བུ།) 

མ་ནུ་ཞོ་ལྔ། སྒ་སྐྱ་ཞོ་བརྒྱད་། ཨ་རུ་སྲང་གསུམ། ལྕུམ་རྩ་སྲང་དོ། ཅོང་ཞི་ཚ་འདུལ་སྲང་དོ་ཞོ་ལྔ། བུལ་ཏོག་སྲང་གསུམ། ཡ་བཀྵ་ར་སྲང་དོ། རུ་རྟ་སྲང་གང་། ཤུ་དག་སྲང་གང་ཞོ་ལྔ། སྨན་ཆེན་སྲང་གང་། རྒྱམ་ཚྭ་ཞོ་ལྔ། གསེར་མེ་ཞོ་དྲུག པི་ལིང་ཞོ་ལྔ། མ་རུ་རྩེ་ཞོ་བདུན། བྱི་ཏང་ཀ་སྲང་གང་། ཐང་ཕྲོམ་དཀར་པོའི་འབྲུ་གུ་སྲང་གང་ཞོ་དྲུག ཕུར་ནག་ཁཎྜ་སྲང་གང་། ཞིམ་ཐིག་ནག་པོའི་ཁཎྜ་སྲང་གང་། གུལ་ནག་ཞོ་ལྔ། གླ་རྩི་སྐར་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སྲིན་གླང་རིལ་བུ་བཟི་ཆེ་དྲོད་ཚད་འབྲིང་། མཆིན་མཚེར་ལས་བྱུང་དོན་གྱི་གླང་འཐབ་དང་། ཕོ་བ་རྒྱུ་ལོང་ལས་བྱུང་སྣོད་གླང་གིས། ན་ཟུག་དྲག་ལ་རྔུལ་བྱུང་ལྡང་དུབ་བྱེད། ཡང་ན་ཕོ་ལོང་སྦོས་བརྒྱངས་བཤལ་སྐྱུགས་སོགས། ཁྱད་པར་གཉན་གླང་སྲིན་གླང་གླང་འཐབ་རིགས། ཕྱི་ནང་དོན་སྣོད་རྩ་ཡི་གླང་འཐབ་འཇོམས། སྲིན་རིགས་རང་གནས་གསོད་དང་ཡང་ན་བཤལ། ཟ་ཟི་འཆལ་འཆོལ་སྨན་ནད་བྱུང་གྱུར་ན། མར་གསར་བརྒྱབ་པའི་ཐུག་པ་བཏང་ན་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།