དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེང་ལྡེང་ཉེར་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-29 08:46:36   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེང་ལྡེང་ཉེར་གསུམ།

སེང་ལྡེང་ཁཎྜཞོ་ལྔ། ཨ་རུ་སྲང་གང་། བ་རུ་སྲང་གང་། སྐྱུ་རུ་སྲང་གང་ཞོ་ལྔ། སྐྱེར་ཤུན་ཞོ་བརྒྱད། ཧོང་ལེན་ཞོ་བདུན། ཀྱི་ལྕེ་དཀར་པོ་ཞོ་བརྒྱད། ཙན་དཀར་ཞོ་བཞི། ཙན་དམར་ཞོ་བརྒྱད། བ་ལེ་ཀ་ཞོ་ལྔ། བ་ཤ་ཀ་ཞོ་བརྒྱད། ཅུ་གང་ཞོ་བདུན། གུར་གུམ་ཞོ་བརྒྱད། ཟི་ར་དཀར་པོ་ཞོ་ལྔ། ཟི་ར་ནག་པོ་ཞོ་ལྔ། སྤོས་དཀར་ཞོ་ལྔ། ཐལ་རྡོར་ཞོ་ལྔ། སོ་ར་ཞོ་ལྔ། གུལ་ནག་ཞོ་བཞི། བྲག་སྤོས་ཞོ་བདུན། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེང་ལྡེང་ཉེར་གསུམ་བཟི་མེད་བསིལ་ཆུང་བས། ཁྲག་ངན་ཆུ་སེར་འཕེལ་བའི་ནད་རིགས་ཀྱིས། ཤ་ལྤགས་རྩུབ་ལ་གྱོང་ཞིང་སྲིན་ཐོར་མང་། རྔུལ་རྗེས་ཚ་བ་རྒྱས་ཤིང་ཟ་ཕྲུག་ལངས། རུས་ཚིགས་འཕེལ་ཞིང་བརྐྱང་བསྐུམ་འགྲོ་སྐྱོད་དཀའ། མཁལ་རྐེད་མི་བདེ་ཚིགས་ཁ་སྐྲངས་པ་སོགས། ཁྱད་པར་འབམ་མཇུག་ནད་དང་ཆུ་སེར་སྐེམ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།