དེ་རིང་ནི2025ལོའི་ཟླ09པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེང་ལྡེང་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-30 08:49:05   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེང་ལྡེང་ཉེར་ལྔ།

སེང་ལྡེང་ཁཎྜ་ཞོ་ལྔ། ཨ་རུ་སྲང་གང་། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། ར་མཉེ་ཞོ་ལྔ། ཉེ་ཤིང་ཞོ་ལྔ། ལྕུམ་རྩ་ཞོ་དྲུག བ་སྤྲུ་ཞོ་ལྔ། གཟེ་མ་ཞོ་དྲུག སྤོས་དཀར་ཞོ་བཞི་སྐར་ལྔ། ཐལ་རྡོར་ཞོ་བཞི། སོ་ར་ཞོ་བཞི། ཟི་དཀར་ཞོ་གསུམ་སྐར་ལྔ། ཟི་ནག་ཞོ་གསུམ། ཏིལ་དཀར་ཞོ་གསུམ། ཏིལ་ནག་ཞོ་གསུམ། སྐྱེར་ཤུན་ཞོ་ལྔ། རུ་རྟ་ཞོ་ལྔ། ཤུ་དག་ཞོ་ལྔ། ཉ་ཕྱི་ཞོ་གསུམ། སླེ་ཏྲེས་ཞོ་བདུན། པི་ལིང་ཞོ་གསུམ་སྐར་ལྔ། སྨན་ཆེན་ཞོ་བཞི། དངུལ་ཆུ་ཚ་འདུལ་ཞོ་གཉིས། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེང་ལྡེང་ཉེར་ལྔ་བཟི་དང་བསིལ་གཉིས་ཆུང་། མཁལ་རྐེད་དྲེག་གྲུམ་ཆུ་སེར་ཚིགས་སྐྲངས་དང་། རྩ་དཀར་ནད་རིགས་དག་ལ་ཕན་ནུས་ཆེ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།