དེ་རིང་ནི2025ལོའི་ཟླ10པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསེ་རུ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-10 15:56:47   |   22

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བསེ་རུ་ཉེར་ལྔ།

བསེ་རུ་དཀར་པོ་ཞོ་གསུམ། རྒྱ་རུ་དཀར་པོ་ཞོ་གསུམ། ཤ་རུ་ཞོ་གསུམ། ཅུ་གང་སྲང་གང་ཞོ་ལྔ། གུར་གུམ་སྲང་གང་། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་གསུམ། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་གསུམ། ཙན་དཀར་ཞོ་བརྒྱད། ཙན་དམར་སྲང་གང་། ནཱ་ག་གེ་སར་ཞོ་དྲུག རུ་རྟ་ཞོ་བརྒྱད། སྤོས་དཀར་ཞོ་ལྔ། ཐལ་རྡོར་ཞོ་ལྔ། སོ་ར་ཞོ་བཞི། ཟི་དཀར་ཞོ་ལྔ། ཨ་རུ་སྲང་གང་། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། ཨུཏྤལ་སྔོན་པོ་སྲང་གང་། བ་ཤ་ཀ་ཞོ་བརྒྱད། ག་དུར་སྲང་གང་། རྟ་སོ་མ་སྲང་གང་། གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་བཟོ་རྒྱུ།

ཕན་ནུས། 

བསེ་རུ་ཉེར་ལྔ་བཟི་མེད་ཅུང་ཟད་བསིལ། ཚད་མཇུག་གློར་ཞེན་གློ་བུར་རྣག་བསགས་པ། གློ་འགོག་རྗེས་ལ་ལུད་པ་རྣག་དུ་དོན། ཉ་མིག་ལྟ་བུའི་ལྦུ་བ་སིབ་སིབ་ལངས། ཡང་ན་ལུད་པ་ཤ་རུལ་རྣག་འདྲ་དོན། ཁྱད་པར་གློ་རྣག་སྐེམ་ཞིང་གློ་གཅོང་གསོ། དེ་མིན་བྱང་ཁོག་ནང་གི་རྣག་ཁྲག་ཀྱང་། རང་གནས་སྐེམ་དང་ཡང་ན་འདྲེན་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།