དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་འབྲུ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-13 14:38:32   |   15

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་འབྲུ་ཉེར་ལྔ།

སེ་འབྲུ་སྲང་གང་ཞོ་ལྔ། ཅུ་གང་ཞོ་ལྔ། གུར་གུམ་སྲང་གང་། ལི་ཤི་ཞོ་གསུམ། ཛཱ་ཏི་ཞོ་གསུམ། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་གསུམ། སྒ་སྨུག་ཞོ་བརྒྱད། པི་ལིང་ཞོ་ལྔ། ཕོ་རིལ་ནག་པོ་ཞོ་བདུན། རྒྱ་ཚྭ་ཞོ་དོ། རྒྱམ་ཚྭ་ཞོ་གསུམ། ཟེ་ཚྭ་ཞོ་གསུམ། འགྲོན་ཐལ་ཞོ་གསུམ། ཀ་པེད་ཞོ་བཞི། ཤིང་ཚྭ་ཞོ་ལྔ། མ་ནུ་ཞོ་བདུན། ཁ་རུ་ཚྭ་ཞོ་གསུམ། ཨ་རུ་སྲང་གང་། བ་རུ་ཞོ་ལྔ། སྐྱུ་རུ་ཞོ་བརྒྱད། སུམ་ཏིག་ཞོ་བདུན། ཧོང་ལེན་ཞོ་བདུན། རུ་རྟ་ཞོ་བརྒྱད། ལ་ལ་ཕུད་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེ་འབྲུ་ཉེར་ལྔ་བཟི་མེད་དྲོད་ཆེ་བས། ཕོ་བའི་མེ་དྲོད་གསོ་ཞིང་དང་ག་འབྱེད། ཁ་ཟས་འཇུ་བར་བྱེད་ལ་གྲང་སྐྲན་བཤིག ལྷག་པར་རྒྱུ་ལོང་སྦོས་འཁྲོག་འགྱིང་འདྲིལ་དང་། བཤལ་སོགས་གྲང་ནད་ཡུན་རིང་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།