དེ་རིང་ནི2025ལོའི་ཟླ10པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསལ་བྱེད་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-15 10:37:54   |   45

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསལ་བྱེད་ཉེར་ལྔ། 

ལྕགས་རྩི་སྲང་དོ། རྩྭ་ཨ་ཝ་སྲང་གང་ཞོ་ལྔ། ལྕགས་སྦྲུལ་ཞོ་བཞི། མདུང་རྩེ་དམར་པོ་ཞོ་དོ། སྦལ་རྒྱབ་སྨུག་པོ་ཞོ་ལྔ། གངས་ཐིགས་ཞོ་ལྔ། ཅོག་ལ་ཞོ་བཞི། བསེ་རུ་དཀར་པོ་ཞོ་ལྔ། རྒྱ་རུ་ཞོ་བཞི། ཤ་རུ་ཞོ་ལྔ། སུམ་ཏིག་སྲང་གང་། ཧོང་ལེན་སྲང་གང་། ཨུཏྤལ་སྔོན་པོ་སྲང་གང་ཞོ་གསུམ། བ་ཤ་ཀ་སྲང་གང་། ཅུ་གང་སྲང་གང་། གུར་གུམ་སྲང་གང་ཞོ་ལྔ། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་བཞི། ཀོ་ལ་ཞོ་གསུམ། སུག་སྨེལ་ཞོ་གསུམ། ཨ་རུ་སྲང་གང་ཞོ་ལྔ། བ་རུ་སྲང་གང་། སྐྱུ་རུ་སྲང་གང་ཞོ་ལྔ། གོ་སྙོད་འབྲུ་ཞོ་བརྒྱད། སྦྲང་རྩི་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གསལ་བྱེད་ཉེར་ལྔ་བཟི་མེད་ཅུང་ཟད་བསིལ། མིག་ནད་རབ་རིབ་དམར་ཚག་སྐམ་ཚག་དང་། རྒྱལ་མོའི་ཤེད་ཉམས་བར་འགྲིབ་སླེབས་པ་དང་། ལིང་རོ་ཤ་འཛེར་མིག་ཆུ་ཡང་ཡང་དོན། མཆིན་པའི་ནད་ཀྱིས་མིག་ཤེད་ཤོར་བར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།