དེ་རིང་ནི2025ལོའི་ཟླ11པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རུ་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-11 09:06:55   |   6

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རུ་བཅུ་པ། 

ཨ་རུ་སྲང་གང་ཞོ་ལྔ། གུར་གུམ་སྲང་གང་ཞོ་ལྔ། སུག་སྨེལ་ཞོ་གསུམ། བྲག་ཁཎ་ཞོ་ལྔ། ཏིག་ཏ་སྲང་གང་། མཁལ་ཞོ་དཀར་པོ་ཞོ་བཞི། ཞུ་མཁན་སྲང་གང་། རྒྱ་ཚོས་སྲང་གང་། བཙོད་སྲང་གང་། ཤུག་ཚེར་ཁཎྜ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་རུ་བཅུ་པ་བཟི་མེད་ཅུང་ཟད་བསིལ། འགྲམས་ཚད་མཁལ་མར་ལྷུང་བས་མཁལ་ཚད་དང་། མཁལ་རྐེད་ཤ་རུས་འཁོལ་ཞིང་དྲི་ཆུ་སྲི། དཔྱི་མིག་ཚིགས་པ་ན་དང་བརླ་རྐང་སྦྲིད། རྐང་པ་བཤལ་དང་དགྱེ་སྒུར་འགྲོ་སྐྱོད་དཀའ། མཁལ་མར་ཆུ་ཤོར་མཁལ་རྩ་སྦིར་བ་སོགས། མཁལ་འགྲམས་མཁལ་ཚད་སྤྱི་ལ་ཕན་པར་འགྱུར། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།