དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་གར་བཅོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-12 11:18:55   |   28

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་གར་བཅོ་ལྔ།

ཨ་གར་གཉིས་སྲང་གང་། སྙིང་ཞོ་ཞོ་ལྔ། ཙན་དཀར་ཞོ་ལྔ། ཙན་དམར་སྲང་གང་ཞོ་ལྔ། ཅུ་གང་སྲང་གང་། གུར་གུམ་སྲང་གང་། ཛཱ་ཏི་ཞོ་དོ་སྐར་ལྔ། ཨ་རུ་སྲང་གང་ཞོ་ལྔ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། སྲོལ་དཀར་སྲང་གང་ཞོ་ལྔ། མ་ནུ་སྲང་གང་ཞོ་ལྔ། ཀཎྜ་ཀ་རི་སྲང་དོ། སླེ་ཏྲེས་སྲང་གང་། སྒ་སྐྱ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་གར་བཅོ་ལྔ་བཟི་མེད་ཅུང་ཟད་བསིལ། ཚད་མཇུག་སྙིང་ཚད་འགྲམས་འཁྲུགས་སྙིང་རླུང་དང་། རླུང་ཚད་རླུང་གློའི་རིགས་དང་སྟོད་འཚངས་གཟེར། ཁྱད་པར་ཁྲག་རླུང་ནུ་མཆིན་གཟེར་བ་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།