དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་གར་བཅུ་བདུན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-13 09:41:54   |   27

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་གར་བཅུ་བདུན། 

ཨར་ནག་སྲང་གང་། ཨ་རུ་སྲང་གང་ཞོ་ལྔ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། སྙིང་ཞོ་ཞོ་ལྔ། མཁལ་ཞོ་དཀར་པོ་ཞོ་ལྔ། གླ་གོར་ཞོ་ཤ་ཞོ་བཞི། སླེ་ཏྲེས་ཞོ་བདུན། གཟེར་འཇོམས་མེ་ཏོག་སྲང་གང་། ཚེར་སྔོན་སྲང་གང་། རུ་རྟ་ཞོ་བརྒྱད། ལི་ཤི་ཞོ་གསུམ། ཛཱ་ཏི་ཞོ་གསུམ། ལ་ལ་ཕུད་ཞོ་བཞི། གུལ་ནག་ཞོ་བཞི། སྨན་ཆེན་ཞོ་བཞི། རི་སྙིང་ཞོ་གང་སྐར་ལྔ། བུ་རམ་ཞོ་བདུན་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་གར་བཅུ་བདུན་བཟི་ཆུང་བསིལ་དྲོད་སྙོམས། སྙིང་འཕྱོ་སྨྱོ་འབོག་མགོ་གཟེར་ཁྲག་རླུང་འཐབ། ཁྲག་ངན་མཁལ་མར་བབས་པའི་འགྲམས་བྱེར་ནད། མཁལ་ནད་སྟོད་དུ་བྱེར་བའི་མཇིང་རེངས་དང་། སྲོག་རླུང་གྱེན་རྒྱུའི་ནད་ལ་ཕན་པ་ཡིན། གཞན་ཡང་མཁལ་རླུང་མཁལ་གྲུམ་ནད་དག་གིས། རྩ་དཀར་དང་འདྲ་དགྱེ་བཀུག་དཀའ་བ་དང་། མཁལ་རྐེད་གཟེར་ཞིང་སྟོད་དུ་འཚངས་བར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།