དེ་རིང་ནི2025ལོའི་ཟླ11པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རུ་བཅུ་བདུན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-14 08:34:50   |   18

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རུ་བཅུ་བདུན།(སཱ་རའི་བྱ་ཁྱུང་།)

ཨ་རུ་སྲང་གང་ཞོ་བརྒྱད། ཧ་ལོའི་མེ་ཏོག་སྲང་གང་ཞོ་ལྔ། ཞུ་མཁན་སྲང་གང་། རྒྱ་ཚོས་སྲང་གང་། བཙོད་སྲང་གང་། སུག་སྨེལ་ཞོ་དོ་སྐར་ལྔ། མཁལ་ཞོ་དཀར་པོ་ཞོ་བཞི། རུ་རྟ་ཞོ་བརྒྱད། ཤུ་དག་ཞོ་བདུན། གུ་གུལ་ཞོ་གསུམ། ཉ་ཕྱི་ཞོ་དོ་སྐར་ལྔ། བྲེ་གའི་འབྲུ་ཞོ་བརྒྱད། རྒྱ་སྣག་ཞོ་དོ། ཅོག་ལ་ཞོ་དོ། སྨན་ཆེན་ཞོ་བདུན། གུར་གུམ་སྲང་གང་། དོམ་མཁྲིས་སྐར་གཅིག གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།  

ཕན་ནུས།

ཨ་རུ་བཅུ་བདུན་བཟི་ཆེ་བསིལ་འབྲིང་འདིས། འགྲམས་ཚད་མཁལ་མར་ལྷུངས་པས་མཁལ་ཚད་ནད། མཁལ་རྐེད་མི་བདེ་དགྱེ་བཀུག་དཀའ་བ་དང་། མཁལ་ཁུང་སྣེ་ས་དཔྱི་མིག་བརླ་རྐང་ཟུག འབྲས་བུ་སྐྲངས་ཤིང་ཆུ་ལམ་ཚ་ཤར་ཆེ། དཀར་དམར་གྲང་བ་འཛགས་པ་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སྦྱོར།


མཉམ་སྤྱོད།