དེ་རིང་ནི2025ལོའི་ཟླ11པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རུ་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-17 09:31:25   |   23

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རུ་བཅོ་བརྒྱད། 

ཨ་རུ་སྲང་གང་ཞོ་ལྔ། གུར་གུམ་ཞོ་ལྔ། སུག་སྨེལ་ཞོ་གསུམ། བྲག་ཁཎ་ཞོ་བཞི། ཏིག་ཏ་ཞོ་ལྔ། མཁལ་ཞོ་དཀར་པོ་ཞོ་བཞི། ཞུ་མཁན་ཞོ་དྲུག རྒྱ་ཚོས་ཞོ་དྲུག བཙོད་ཞོ་དྲུག ཤུག་ཚེར་ཞོ་བཞི། ཨ་འབྲས་ཞོ་ལྔ། སྲ་འབྲས་ཞོ་བཞི། འཇམ་འབྲས་ཞོ་བཞི། གསེར་བྱེ་ཞོ་དོ། སྡིག་སྲིན་ཞོ་གསུམ། ལྕམ་འབྲུ་ཞོ་བདུན། སྨན་ཆེན་ཞོ་བཞི། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་རུ་བཅོ་བརྒྱད་བཟི་དང་བསིལ་གཉིས་འབྲིང་། མཁལ་མར་ཚ་བ་ཞུགས་དང་མཁལ་རྩ་འཆུས། མཁལ་འགྲམས་ནད་ཀྱིས་མཁལ་མ་གཟེར་བ་དང་། འཚང་ར་མི་འཐེག་དགྱེ་བཀུག་དཀའ་བ་དང་། བརླ་ཁུག་དཔྱི་མིག་གཟེར་དང་ཆུ་ཁ་ཚ། འབྲས་སྐྲངས་དྲི་ཆུ་དམར་ལ་འབབ་པ་དཀའ། གཞན་ཡང་ངན་ཁྲག་བབས་མཁལ་གྲུམ་སོགས། མཁལ་ཚད་མ་ལུས་སེལ་བར་བྱེད་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།