དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་གར་ཉི་ཤུའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-18 11:39:57   |   13

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་གར་ཉི་ཤུ།

ཨ་གར་གཉིས་སྲང་གང་། ཛཱ་ཏི་ཞོ་བཞི། སྙིང་ཞོ་ཞོ་དྲུག ཅུ་གང་སྲང་གང་། སྤོས་དཀར་ཞོ་ལྔ། རུ་རྟ་སྲང་གང་། ཨ་རུ་སྲང་གང་ཞོ་ལྔ། ནཱ་ག་གེ་སར་ཞོ་དྲུག ཙན་དམར་སྲང་གང་ཞོ་ལྔ། ལི་ཤི་ཞོ་བཞི། བསེ་ཡབ་ཞོ་ལྔ། གུར་གུམ་སྲང་གང་ཞོ་གསུམ། མ་ནུ་སྲང་གང་། ཤ་རུ་ཞོ་གསུམ། ཉ་ཕྱི་ཞོ་ལྔ། ཀོ་བྱིལ་ཞོ་བཞི། འབྲི་ཏ་ས་འཛིན་སྲང་གང་། སྐྱུ་རུ་སྲང་གང་། རི་སྙིང་ཞོ་དོ། གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་གར་ཉི་ཤུ་བསིལ་དྲོད་སྙོམས་པ་འདིས། རླུང་ཁྲག་འཐབ་དང་གྲིབ་སྐྱོན་རྩ་དཀར་དང་། སྲོག་རྩ་རླུང་ཞུགས་སྨྱོ་ལྐུགས་ཡན་ལག་སྦིར། སྙིང་ནད་རྩ་དཀར་རླུང་ཚད་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།