དེ་རིང་ནི2025ལོའི་ཟླ11པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་གར་ཉེར་བཞིའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-19 08:36:25   |   12

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་གར་ཉེར་བཞི།(བླ་མེད།)

ཨ་གར་གཉིས་སྲང་གང་། ཛཱ་ཏི་ཞོ་བཞི། སྙིང་ཞོ་ཞོ་ལྔ། ཅུ་གང་སྲང་གང་། སྤོས་དཀར་ཞོ་ལྔ། རུ་རྟ་ཞོ་བརྒྱད། ཨ་རུ་སྲང་དོ། ནཱ་ག་གེ་སར་ཞོ་ལྔ། ལི་ཤི་ཞོ་བཞི་སྐར་ལྔ། མ་ནུ་སྲང་གང་། སྒ་སྐྱ་ཞོ་བརྒྱད། གུལ་ནག་ཞོ་ལྔ། གུར་གུམ་སྲང་གང་། ཤུ་དག་སྲང་གང་། སྤང་སྤོས་སྲང་གང་། པྲི་ཡང་ཀུ་སྲང་གང་། གཟའ་བདུད་དཀར་པོ་སྲང་གང་། གཟའ་བདུད་ནག་པོ་ཞོ་ལྔ། སྨན་ཆེན་ཞོ་བརྒྱད། སྲེ་མོང་ཤ་ཞོ་བཞི། པུ་ཤུད་ཤ་ཞོ་བཞི། ཏེ་ལོའི་ཤ་ཞོ་ལྔ། འབྲོང་གི་སྙིང་ཁྲག་ཞོ་ལྔ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཨ་གར་ཉེར་བཞི་སྙོམས་ལ་བཟི་ཅུང་ཡོད། མགོ་གཟེར་མགོ་ཡུ་འཁོར་དང་ཁ་མིག་ཡོ། ཡན་ལག་ཤ་སྦྲིད་རེངས་འཁུམས་འདར་ཞིང་གཡོ། ངག་ལྐུགས་ལུས་སེམས་ཚོར་བ་མེད་པ་དང་། ཀླད་སྐྱོན་ཕོག་དང་ཁྲག་རླུང་ལ་ཡང་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།