དེ་རིང་ནི2025ལོའི་ཟླ11པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རུ་ཉེར་བཞིའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-20 08:59:15   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རུ་ཉེར་བཞི།(འབའ་སམ་ལྷ་ལུང་།)

ཨ་རུ་སྲང་དོ། གུར་གུམ་སྲང་གང་། སུག་སྨེལ་ཞོ་བཞི། བྲག་ཁཎ་ཞོ་ལྔ། ཏིག་ཏ་ཞོ་བརྒྱད། མཁལ་ཞོ་དཀར་པོ་ཞོ་ལྔ། ཞུ་མཁན་སྲང་གང་། རྒྱ་ཚོས་ཞོ་བརྒྱད། བཙོད་སྲང་གང་། ཤུག་ཚེར་ཁཎྜ་ཞོ་ལྔ། ར་མཉེ་སྲང་གང་། ཉེ་ཤིང་སྲང་གང་། ལྕ་བ་སྲང་གང་། བ་སྤྲུ་ཞོ་ལྔ། གཟེ་མ་སྲང་གང་། ཨ་འབྲས་སྲང་གང་། སྲ་འབྲས་ཞོ་ལྔ། འཇམ་འབྲས་ཞོ་བཞི། གུ་ཡུ་དཀར་པོ་སྲང་གང་། བ་རུ་ཞོ་བདུན། སྐྱུ་རུ་སྲང་གང་། བྲེ་གའི་འབྲུ་གུ་སྲང་གང་། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ། 

ཕན་ནུས། 

ཨ་རུ་ཉེར་བཞི་བཟི་མེད་བསིལ་དྲོད་སྙོམས། རླན་སྟེང་ཆུར་ཞུགས་ངལ་དུབ་ལ་སོགས་པས། མཁལ་མའི་དྲོད་ཤོར་མཁལ་རྐེད་འཁོར་ཞིང་ན། དཔྱི་མིག་གཟེར་དང་རྐང་བཤལ་བཤུལ་ཤ་སྦྲིད། གཅིན་པ་སྲི་དང་གྲང་བ་འཛགས་པ་སོགས། མཁལ་གཅོང་མ་ལུས་འཇོམས་པའི་སྨན་མཆོག་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།