དེ་རིང་ནི2025ལོའི་ཟླ11པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་བྲག་བཅུ་དགུ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-21 10:52:39   |   18

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་བྲག་བཅུ་དགུ། 

ཨ་རུ་སྲང་གང་ཞོ་ལྔ། གུར་གུམ་ཞོ་བརྒྱད། སུག་སྨེལ་ཞོ་གསུམ། བྲག་ཁཎ་ཞོ་བདུན། ཏིག་ཏ་ཞོ་ལྔ། མཁལ་ཞོ་དཀར་པོ་ཞོ་བཞི། ཞུ་མཁན་ཞོ་ལྔ། རྒྱ་ཚོས་ཞོ་ལྔ། བཙོད་ཞོ་ལྔ། ཤུག་ཚེར་ཁཎྜ་ཞོ་ལྔ། བོང་དཀར་ཞོ་ལྔ། པྲིང་ཀུ་ཞོ་བདུན། ག་དུར་ཞོ་བདུན། སྐྱུ་རུ་སྲང་གང་ཞོ་ལྔ། སྐྱེར་ཤུན་སྲང་གང་ཞོ་ལྔ། དོམ་མཁྲིས་སྐར་ཕྱེད་གཉིས། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་བྲག་བཅུ་དགུ་བཟི་མེད་ཅུང་ཟད་བསིལ། མཁལ་ནད་མཁལ་འགྲམས་གྲང་བའི་ནད་རིགས་ཀྱིས། རྐང་བཤལ་མཁལ་རྐེད་མི་བདེ་དགྱེ་བཀུག་དཀའ། དྲི་ཆུ་སྲི་ལ་ཡང་ན་སྙི་བ་དང་། དཔྱི་རྐེད་བརླ་རྐང་སྦིར་ཞིང་རྒྱུ་ཞབས་ན། དཀར་དམར་གྲང་བ་འཛག་ཤིང་ཆུ་ཁ་ཚ། མོ་ནད་མཁལ་མའི་ཁྲག་ཚབས་རླུང་ཚབས་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།