དེ་རིང་ནི2025ལོའི་ཟླ11པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རྒྱ་མཉམ་བསྲེས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-24 08:49:36   |   18

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རྒྱ་མཉམ་བསྲེས།

རྒྱ་རུ་ཞོ་ལྔ། ཤ་རུ་ཞོ་ལྔ། གུར་གུམ་ཞོ་བརྒྱད། ཅོག་ལ་ཞོ་དོ། ཙན་དམར་ཞོ་བརྒྱད། ཛཱ་ཏི་ཞོ་བཞི་སྐར་ལྔ། སུག་སྨེལ་ཞོ་དོ། རྒྱ་ཚོས་ཞོ་ལྔ། བཙོད་ཞོ་ལྔ། སེ་འབྲུ་ཞོ་བརྒྱད། ཤུག་ཚེར་ཁཎྜ་ཞོ་བཞི། བ་སྤྲུ་ཞོ་ལྔ། ཨ་གར་གཉིས་ཞོ་བརྒྱད། སྙིང་ཞོ་ཞོ་ལྔ། ཅུ་གང་ཞོ་བདུན། སྤོས་དཀར་ཞོ་ལྔ། རུ་རྟ་ཞོ་བདུན། ཨ་རུ་སྲང་གང་ཞོ་ལྔ། ནཱ་ག་གེ་སར་ཞོ་ལྔ། དོམ་མཁྲིས་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་རྒྱ་མཉམ་བསྲེས་ཅུང་ཟད་བསིལ་བ་འདིས། རླུང་ཁྲག་འཁྲུགས་ནས་སྟོད་གཟེར་སྙིང་ཚད་ཞུགས། དཔྱི་རྐེད་རུས་ཚིགས་ན་ཞིང་རྒྱུ་སྨད་གཟེར། མོ་ནད་ཁྲག་ཚབས་རླུང་ཚབས་མངལ་ནད་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།