དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་གར་སོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-25 10:38:05   |   42

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་གར་སོ་ལྔ།  

ཨར་ནག་སྲང་གང་། ཨ་གར་གོ་སྙོད་ཞོ་བརྒྱད། ཨར་སྐྱ་ཞོ་དྲུག ཙན་དཀར་ཞོ་བདུན། ཙན་དམར་སྲང་གང་ཞོ་དོ། ཅུ་གང་སྲང་གང་། གུར་གུམ་སྲང་གང་། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་གསུམ་སྐར་ལྔ། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་གསུམ། ཨ་རུ་སྲང་གང་། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། རུ་རྟ་སྲང་གང་། སྙིང་ཞོ་ཞོ་བདུན། མ་ནུ་ཞོ་བརྒྱད། ཀཎྜ་ཀ་རི་སྲང་གང་ཞོ་ལྔ། སླེ་ཏྲེས་སྲང་གང་། སྒ་སྐྱ་ཞོ་ལྔ། ནཱ་ག་གེ་སར་ཞོ་དྲུག ཀོ་བྱིལ་ཞོ་ལྔ། སྤོས་དཀར་ཞོ་ལྔ། གུལ་ནག་ཞོ་བཞི་སྐར་ལྔ། བ་ཤ་ཀ་ཞོ་བརྒྱད། སུམ་ཏིག་ཞོ་བརྒྱད། ཧོང་ལེན་ཞོ་བརྒྱད། ཚེར་སྔོན་སྲང་གང་། གཟེར་འཇོམས་སྲང་གང་། མིང་ཅན་སེར་པོའི་མེ་ཏོག་སྲང་གང་ཞོ་ལྔ། སྲོལ་དཀར་སྲང་གང་ཞོ་ལྔ། སེ་འབྲུ་སྲང་གང་། སྨན་ཆེན་ཞོ་བརྒྱད། འབྲོང་གི་སྙིང་ཁྲག་ཞོ་ལྔ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་གར་སོ་ལྔ་བཟི་ཆུང་ཅུང་ཟད་བསིལ། གཉན་ཚད་རླུང་གསུམ་འཐབ་དང་སྟོད་འཚངས་དང་། ཚད་མཇུག་རླུང་སྐྱེད་རླུང་གིས་ཚད་མཇུག་བསུས། རིམས་ཚད་སྨད་ལྷུངས་འབྲས་བུ་སྐྲངས་པ་དང་། ལྕེ་སྐམ་དམར་རྩུབ་གཟེར་ཟུག་ངེས་མེད་ལངས། ལུས་འདར་སེམས་འཚོལ་མཚན་གཉིད་མི་ཁུག་པ། མགོ་འཁོར་རྣ་བ་འུར་ཞིང་སྟོད་འཚངས་ཚེ། སྙིང་ཚད་རླུང་ལྡན་རླུང་གློའི་ནད་ལ་ཕན། ཁྱད་པར་རི་ཐང་མཚམས་ལ་སྨན་པའི་མཆོག ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།