དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རུའི་གདུས་ཐང་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-26 10:47:17   |   174

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རུའི་གདུས་ཐང་།

ཨ་རུ་སྲང་གང་། བྲག་ཁཎ་ཞོ་ལྔ། གསེར་མེ་སྲང་གང་། དོམ་མཁྲིས་སྐར་ལྔ་བཅས་གཙང་བཟོས་ཧྲོབ་བརྡུང་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་རུའི་གདུས་ཐང་བཟི་མེད་ཅུང་ཟད་བསིལ། ཚ་མཁྲིས་གཙོར་ཡིན་གྲང་མཁྲིས་ཡིན་ནའང་རུང་། མཁྲིས་པ་ལ་སོགས་བཤལ་གྱི་སྔོན་འགྲོ་ལ། ཐང་འདི་ལན་འགའ་བཏང་བས་འདུས་རྟགས་ནི། མིག་མཆུ་བཞིན་མདངས་སྔར་བས་དཀར་བ་དང་། སྐོམ་དད་དང་ག་བཟང་ན་གཏོང་དུས་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།