དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རུའི་གསེར་བཤལ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-27 08:45:52   |   197

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རུའི་གསེར་བཤལ།

ཨ་རུ་བཙོས་པ་སྲང་གང་ཞོ་ལྔ། ཨ་རུ་བསྲེག་པ་སྲང་གང་ཞོ་ལྔ། ཨ་རུ་རྗེན་པ་སྲང་གང་ཞོ་ལྔ། ཐར་ནུའི་ཁཎྜ་སྲང་གང་། དུར་བྱིད་སྲང་གང་། ཤཱི་རི་ཁཎྜ་སྲང་གང་། རྒྱ་ཚྭ་ཞོ་ལྔ། བྱི་ཏང་ཀ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཨ་རུ་གསེར་བཤལ་བཟི་ཆུང་ནུས་པ་རྣོ། ཆུ་དྲོན་སྦྱར་ཏེ་སྲོད་གུང་ཐོ་རེངས་དུས། སློང་བྱེད་འཁྲུ་བྱེད་སྦྱོང་བྱེད་ཐུན་གྱི་ཚད། རིམ་བཞིན་སྤར་རམ་ཡང་ན་འཁྲུ་ཚུལ་ལྟོས། དང་ག་འགག་ཅིང་ཕོ་བ་སྦོས་བརྒྱངས་བྱེད། དུག་རོ་ལུས་དང་བད་ཀན་སྨུག་པོ་སོགས། ལྷག་པར་ཚ་གྲང་མཁྲིས་པའི་ནད་ཀྱི་རིགས། མ་ལུས་གཙང་དག་བྱེད་ལ་འདི་ཉིད་ཟབ། བཤལ་ཐག་ཆོད་མཚམས་ཟས་བཅུད་དྲོད་ཀྱིས་བཅོས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།