དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུག་ཆོས་ལྔ་པའི་སྦྱོར་ཚད།

2025-11-28 08:44:53   |   149

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཨུག་ཆོས་ལྔ་པ།

ཨུག་ཆོས་འབྲས་བུ་སྲང་ལྔ། རུ་རྟ་སྲང་བཞི། ལ་ཕུག་སྲང་བཞི། སྒོག་སྐྱ་སྲང་གསུམ། གླ་རྩི་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་བྱས་ཏེ་ཟ་ཕྲུག་ཚ་ཕྲུག་ཆེ་ན་ར་ཐུག་གི་གཅིན་པ་དང་། འུར་སྒྲ་དང་འོན་ཤས་ཆེ་ན་འབྲི་མར་བཙག་བཅད་ལ་སྦྱར་ཏེ་རྣ་བར་ཐིགས་རེ་བླུགས་རྒྱུ། ཉིན་རེ་ཐེངས་གཉིས་སོགས་སྐབས་དང་སྦྱར།


མཉམ་སྤྱོད།