དེ་རིང་ནི2026ལོའི་ཟླ04པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རབ་རིབ།

2026-04-17 08:34:07   |   41

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


R-C.jpg

རྒྱུ་རྐྱེན།

རབ་རིག་ཟེར་བ་ནི་མིག་རིལ་ནང་ངོས་ཀྱི་ཆུ་གཟུགས(水晶体)སམ་རྒྱལ་མོར་ནད་འགྱུར་བྱུང་ནས་མིག་མི་གསལ་བའི་ནད་ཅིག་ཡིན། དེའི་སློང་རྐྱེན་ལ། ཤ་རུལ་ཆང་སྐྱུར་སོགས་ཕོག་ཐུག་ཆེ་བའི་ཟས་སྐོམ་དང་། ངལ་དུབ་ཆེས་དྲགས་པ། དུ་བ་དང་རླུང་བསེར་ཕོག་དྲགས་པ། ཁ་བས་འཕྱིད་པ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

ཕྱི་ངོས་ནས་བལྟས་ན་ནད་འགྱུར་གྱི་མངོན་ཚུལ་གང་ཡང་མེད་ཀྱང་། མིག་གིས་སྐབས་རེར་མཐོང་ཞིང་སྐབས་རེར་མི་མཐོང་བ་དང་། ཉེ་སར་མཐོང་ཞིང་རིང་སར་མི་མཐོང་བ། ཆེ་བ་མཐོང་ཞིང་ཆུང་བ་མི་མཐོང་བ། ཡང་ན་ནད་ཀྱི་འབྱུང་ཡུལ་མི་འདྲ་བའི་དབང་གིས་སྟེང་མཐོང་ཡང་འོག་མི་མཐོང་བ་དང་། གཡས་མཐོང་རུང་གཡོན་མི་མཐོང་བ། ཉིན་མོར་མཐོང་རུང་མཚན་མོར་མི་མཐོང(དེར་སྲོད་ལོང་ཟེར)བ་སོགས་ཀྱི་མངོན་ཚུལ་འབྱུང་བར་མ་ཟད། ནད་པ་འགའ་ཞིག་ལ་མིག་སྣང་དུ་སྐྲ་ཤད་ལྟ་བུ་དང་། སྦྲང་བུ་ལྟ་བུ། དམར་མདངས་ལྟ་བུ། མུན་འཐིབས་པ་ལྟ་བུ་བཅས་དང་། ལྷག་པར་དུ་ཆུ་གཟུགས་འཁྲུགས་ནས་ཉོག་པོར་ཆགས་པའམ་མཐོང་བྱེད་ཀྱི་རྩ་མདངས་ཉམས་པའི་སྐབས་སུ་ལོང་བར་འགྱུར་སྲིད་པ་ཡིན།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་གསལ་བྱེད་ལྕགས་ཕྱེ་ཉེར་ལྔ་དང་། ཨ་ཝ་བཅོ་ལྔ། མདུང་རྩེ་ཉེར་ལྔ། ཟླ་ཤེལ་བདུད་རྩི་མ། གུར་ཀུམ་བཅུ་གསུམ། ཨ་གར་སོ་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ཏེ་བསྟེན་དགོས།

2 ཟས་ཀྱིས་བཅོས་པ་ལ། ཤ་རུལ་དང་ཙོང་སྒོག ཆང་སྐྱུར་དང་སྔོ་ངད། ཟྭ་དང་སྣེའུ་ཚོད། སྐྱབས་དང་ཁུར་ཚོད། ཆུ་བསིལ་སོགས་མིག་ལ་གནོད་པའི་ཟས་སྤང་སྟེ། རའི་མཆིན་པ་དང་ཉ་ཤ་ཟ་བ་བཅས་ལ་བརྟེན་ནས་བཅོས་དགོས་པ་ཡིན།


སྐབས་སྔོན་མ། མིག་ནད་ལིང་ཏོག
སྐབས་རྗེས་མ། མེད།
མཉམ་སྤྱོད།