དེ་རིང་ནི2026ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་ཇི་ལྟར་མྱུར་སྐྱོབ་བྱ་དགོས།

2026-04-22 16:23:42   |   34

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

མྱུར་སྐྱོབ་ཀྱི་གོ་རིམ་བཞི་པོ་འདི་ཡིད་ལ་ངེས་དགོས།

གོ་རིམ་དང་པོ།

མཐའ་འཁོར་གྱི་ཁོར་ཡུག་ལ་དཔྱད་དཔོག་ལེགས་པོ་བྱས་ནས་ཡུལ་དངོས་ཀྱི་བདེ་འཇགས་འགན་ལེན་བྱ་དགོས།

图片2.png

གོ་རིམ་གཉིས་པ།

ནད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།

གཅིག ཚོར་ཤེས། ཕྲག་པ་གཉིས་ལ་ཡང་མོར་བརྡབས་ནས་རྣ་འགྲམ་དུ་སྐད་ཆེན་པོས་འབོད་པ།

གཉིས། འབྱིན་རྔུབ། ནད་པའི་བྲང་ཁོག་དང་གསུས་པར་དབུགས་འཚང་གིན་ཡོད་མེད་དང་དབུགས་ཀྱི་འབྱིན་རྔུབ་རྒྱུན་ལྡན་ཡིན་མིན་ལ་ལྟ་ཞིབ་བྱེད་པ། (སྐར་ཆ་བཅུ་ལས་མི་བརྒལ་བ)

གསུམ། འཕར་རྩ། མཇིང་བའི་འཕར་རྩ་ལྡིང་གིན་ཡོད་མེད་བརྟག་པ(སྨན་བཅོས་མི་སྣ་མིན་ན་བརྡར་ཤ་གཅོད་མི་དགོས )དང་ཆབས་ཅིག་ཏུ་སྐད་མཐོན་པོས་བོས་ཏེ། ཡུལ་དངོས་ན་ཡོད་པའི་མིར120མྱུར་སྐྱོབ་ཁ་པར་གཏོང་དུ་འཇུག་དགོས། ཡུལ་དངོས་སུ་མི་གཞན་མེད་ཚེ། རང་ཉིད་ཀྱིས་འཕྲལ་མར་ཁ་པར་བཏང་ནས་མྱུར་སྐྱོབ་ལྟེ་གནས་ཀྱི་སྨན་དོན་མི་སྣ་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ།

གོ་རིམ་གསུམ་པ།

གལ་ཏེ་ནད་པའི་ཚོར་ཤེས་ཉམས་ཤིང་དབུགས་ཀྱི་གཏོང་ལེན་ཁེགས་པ་དང་འཕར་རྩ་འཁྲུགས་པར་གྱུར་ན། རིངས་པར་བྲང་ཕྱི་སྙིང་གནོན་དང་རྩོལ་བྱུང་འབྱིན་རྔུབ་བྱ་དགོས།

སྙིང་གནོན་བྱེད་ཐབས། ལག་པ་གཉིས་དྲང་མོར་བསྲིངས་ཏེ་ལག་མཐིལ་གཅིག་ནད་པའི་བྲང་ངོས་ལ་འཇོག་པ་དང་། ལག་མཐིལ་ཅིག་ཤོས་དེའི་ཐོག་ལ་བཞག་སྟེ་མཛུབ་མོ་ཕན་ཚུན་བསྣོལ་མར་བྱས་ནས་ལག་མགོ་ཅུང་ཙམ་བཀྱགས་ཏེ་ལག་མཐིལ་གྱི་རྩ་ནས་ཤེད་ཀྱིས་གནན་དགོས།

གནོན་གནས། ནུ་ཏོག་གཉིས་ཀྱི་སྦྲེལ་ཐིག་གི་དཀྱིལ་ལ་འཁེལ་དགོས།

གནོན་ཚད་དང་ཟློས་ཕྱོད་ནི། བྲང་རུས་འོག་གི་ལི་སྨི5~6(མི་དར་མ)གི་མཚམས་ནས་གནོན་པ་དང་། ཐེངས་རེར་མནན་རྗེས་བྲང་ཁོག་ཕྱིར་ལྡེམ་ཡོངས་སུ་བྱེད་དུ་འཇུག་པ། ལག་པ་གཉིས་བྲང་ངོས་དང་མི་འབྲལ་བར་བྱ་དགོས། ཟློས་ཕྱོད་སྐར་མ་རེར་ཐེངས100~120ཡིན་འོས།

རྩོལ་བྱུང་འབྱིན་རྔུབ། དབུགས་ལམ་གྱི་གེགས་རྫས་གཙང་སེལ་བྱེད་པ་དང་། མགོ་ཡར་འདེགས་པའི་ཐབས་ཀྱིས་དབུགས་ལམ་ཕྱེ་རྗེས། ལག་པ་གཅིག་གིས་སྣ་ཁུང་གཅོད་པ་དང་། རང་གི་ཁ་གདངས་ཏེ་ནད་པའི་མཆུ་ལ་གཏད་ནས་དལ་གྱིས་སྐར་ཆ་གཅིག་ལ་ཕུ་གདབ་དགོས། ཕུ་འདེབས་སྐབས་མིག་ཟུར་གྱིས་ནད་པའི་བྲང་གཞུང་གི་འཕར་ལྡང་ལ་མཉམ་འཇོག་ཞོར་དུ། སྣ་ཁུང་མནན་ནས་ཡང་བསྐྱར་ཕུ་གདབ་དགོས།

སྙིང་གནོན་པ་དང་དབུགས་རྒྱུ་བའི་བསྡུར་ཚད་ནི30:2ཡིན། སྙིང་གནོན་པ་དང་རྩོལ་བྱུང་འབྱིན་རྔུབ་རེས་འཁོར་ཐེངས5བྱས་རྗེས། ཡང་བསྐྱར་ནད་པའི་འདུ་ཤེས་དང་དབུགས་འབྱིན་རྔུབ། འཕར་རྩ་བཅས་ལ་དཔྱད་དགོས།

གོ་རིམ་བཞི་པ།

གལ་ཏེ་རང་འགུལ་ལུས་ཕྱིའི་འདར་སེལ་ཆས(AED)ཡོད་ན། AEDཡི་བཀོལ་སྤྱོད་བརྒྱུད་རིམ་ལྟར(AEDསྒྲིག་ཆས་ཚང་མར་གསལ་བཤད་ཡི་གེ་མཁོ་སྤྲོད་བྱས་ཡོད་པས། སེམས་ཁུར་མི་བྱ་བར་གོ་རིམ་ལྟར་བཀོལ་སྤྱོད་བྱས་པས་ཆོག)རང་འགུལ་ངང་འདར་སེལ་བྱས་ན། མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད་ཇེ་མཐོར་གཏོང་ཐུབ།

图片1.png

སྙིང་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས།

འཚོ་བའི་གོམས་གཤིས་ལེགས་པོ་ནི་ཐབས་ཀྱི་མཆོག་ཡིན།

གཅིག མཚན་ཕུད་པ་ཇེ་ཉུང་དུ་གཏོང་བའམ་ཡུན་རིང་བོར་མཚན་ཕུད་བྱེད་པར་གཡོལ་བ།

གཉིས། ལས་ཀའི་གནོན་ཤུགས་ཆེ་དྲགས་པར་འཛེམ་པ།

གསུམ། ཡུན་རིང་ཙོག་པུར་བསྡད་དེ་འགུལ་སྐྱོད་མི་བྱེད་པར་གཡོལ་བ།

བཞི། ཧབ་ཟ་ཧབ་འཐུང་བྱེད་པ་དང་ལུས་སྦྱོང་མི་བྱེད་པར་འཛེམ་པ།

ལྔ། ཐ་མག་དང་ཆང་གཅོད་པ།

དྲུག རྨང་གཞིའི་ནད་རིགས་ལ་དུས་ཐོག་ཏུ་ཚོད་འཛིན་དང་སྨན་བཅོས་བྱེད་པ་བཅས་སོ།


སྐབས་སྔོན་མ། རབ་རིབ།
སྐབས་རྗེས་མ། མེད།
མཉམ་སྤྱོད།