དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིག་ཚག་གི་ནད།

2026-04-23 08:35:40   |   23

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མིག་ཚག་གི་ནད(དམར་ཚག་ཀྱང་ཟེར)ནི་མིག་གི་འབྲེལ་སྐྱིར་གཉན་ཁ་རྒྱས་ནས་དམར་པོར་ཆགས་པའི་ནད་ཅིག་ཡིན་ལ། ནད་དེ་གཙོ་བོ་ནད་དུག་དང་འབུ་ཕྲ་སོགས་ཀྱིས་གནོད་པ་དང་། ལུག་ཤ་དང་ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ། མེ་ཉིར་བསྲོས་དྲགས་པ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

མིག་ནང་ཐལ་རྡུལ་ལྟ་བུས་གང་སྙམ་བྱེད་པ་དང་། མེ་མདག་གཏོར་བ་ལྟ་བུའི་ཚ་ཤར་རྒྱག་པ། མཆི་མ་དོན་པ། མིག་གི་འབྲེལ་སྐྱིའི་བར་ལ་ཁྲག་རྒྱས་ནས་དམར་པོར་ཆགས་པ། འོད་མི་བཟོད་པ། རླུང་བསེར་བུས་གནོད་པ། མིག་ལྕིབས་སྐྲངས་པ། ཟ་འཕྲུག་ལངས་པ། རྣག་འབྱར་བག་ཅན་གྱི་མཆི་མ་དོན་པ། ཞོགས་པ་སྔ་མོར་ཡར་ལངས་སྐབས་མིག་སྐྱག་འཁོར་ནས་མིག་འབྱར་བ། ཡང་ན་མིག་ལྕིབས་མཐའ་འཁོར་དུ་དམར་པོར་ཆགས་ནས་ཚ་ཤར་རྒྱག་པ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་དུ་སྤང་ཁྲག་བཅུ་གཉིས་དང་། བྱ་ཁུད་བདུད་རྩི་སུམ་སྦྱོར། རྡོ་ཁྲག(རྡོ་རྗེ་རབ་འཇོམས་དང་རྒ་ལོ་བསྲེས་པ) གུར་ཁྱུང(གུར་ཀུམ་བཅུ་གསུམ་དང་ཁྱུང་ལྔ་བསྡེབས་པ)སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གཏོར་བ་དང་། སྐྱེར་བའི་ཁཎྜ་ཆུ་གཙང་ནང་སྦངས་པའི་ཁུ་བ་མིག་ནང་དུ་གཏིགས་པ། མིག་སྐྱག་དང་རྣག་ཆུ་མང་པོ་ཡོད་ན་ཚྭ་ཆུས(ཆུ་སྐོལ་རྒྱ་མ་གང་ལ་ཚྭ་ཞོ་གང་བཏབ་པ)མིག་འཁྲུ་དགོས།

2 ཟས་ཀྱིས་བཅོས་པ་ལ། ཤ་རུལ་དང་ཙོང་སྒོག ཆང་སྐྱུར་དང་སྔོ་ངད། ཟྭ་དང་སྣེའུ་ཚོད། སྐྱབས་དང་ཁུར་ཚོད། ཆུ་བསིལ་སོགས་མིག་ལ་གནོད་པའི་ཟས་སྤང་སྟེ། རའི་མཆིན་པ་དང་ཉ་ཤ་ཟ་བ་བཅས་ལ་བརྟེན་ནས་བཅོས་དགོས་པ་ཡིན།


མཉམ་སྤྱོད།