དེ་རིང་ནི2026ལོའི་ཟླ04པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིག་ཆུའི་ནད།

2026-04-24 08:37:54   |   11

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མིག་ཆུའི་ནད(མིག་རིམས་ཀྱང་ཟེར)ནི་མིག་ལྕིབས་ནང་ངོས་ཀྱི་འབྲེལ་སྐྱིའི་ཐོག་ཏུ་འབྲུམ་ཐོར་དོན་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། སློང་རྐྱེན་གཙོ་བོ་ནི་མིག་ཆུའི་ནད་པ་དང་འབྲེལ་འདྲིས་བྱས་པ་དང་། འབུ་ཕྲ་འགོས་ཁྱབ་བྱུང་བ། ཟས་སྐོམ་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པ་ལས་བསླངས་པ་ཡིན།

ནད་རྟགས།

མིག་ནང་དུ་དངོས་རྫས་གཞན་དག་ཤོར་བ་ལྟར་ཐོག་པ་དང་ན་ཟུག་གཏོང་བ། མཆི་མ་དོན་པ། དཀར་འོད་མི་བཟོད་པ། མིག་ལྕིབས་ཕྱིར་སློག་ནས་བལྟས་ན་འབྲེལ་སྐྱིའི་ཐོག་ཏུ་ནུ་ཏོག་ལྟ་བུའི་འབྲུམ་ཐོར་ཆུ་བུར་ཅན་དོན་པ་དང་། མིག་སྤྲིན་དམར་པོར་ཆགས་ནས་ར་རིལ(ར་ཡི་རིལ་མ)ལྟ་བུའི་ཤ་མཛེར་དམར་པོ་འབུར་བ། མིག་སྐྱག་འཁོར་བ་བཅས་ཀྱི་མངོན་ཚུལ་འབྱུང་བར་མ་ཟད། ནད་འདི་དུས་ཐོག་ཏུ་སྨན་བཅོས་མ་བྱས་པ་དང་ཟས་སྤྱོད་ལ་དོ་སྣང་མ་བྱས་ན། མཐར་མིག་གི་སྤྱིན་སྐྱིའི་སྟེང་དུ་སྔོ་རིབ་སྒོང་དཀྲིས་ལྟ་བུའི་ལིང་ཏོག་དོན་པའམ་རྩའི་དྲ་བ་ལྟ་བུའི་ཤ་མཛེར་སྐྱེས་ནས་མིག་གི་རྒྱལ་མོ་འགེབས་པ་དང་། ཡང་ན་རྫི་མ་ནང་དུ་ཟུག་སྟེ་དེས་སྤྱིན་སྐྱིར་ཐོག་ཐུག་བཏང་ནས་ཉོག་པས་མིག་ལོང་སྲིད་པ་ཡིན།

གསོ་ཐབས།

བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་དུ་སྤང་རྩི་བཅུ་གཉིས་དང་གུར་ཁྱུང་།(གུར་ཀུམ་བཅུ་གསུམ་དང་ཁྱུང་ལྔ་བསྡེབས་པ) རྡོ་རྗེ་རབ་འཇོམས། བྱ་ཁུད་ཁྱུང་བསྣན།(བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་སྟེང་ཁྱུང་ལྔ་བསྣན་པ) སྤང་ཁྲག་བཅུ་གཉིས(སྤང་རྩི་བཅུ་གཉིས་དང་རྒ་ལོ་བ་བསྲེས་པ)སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གཏོང་བ་དང་། སྐྱེར་པའི་ཁཎྜའམ་གླ་རྩི། ཁ་ཆེ་ཤ་སྐམ།(གུར་ཀུམ) དོམ་མཁྲིས་གང་རུང་ཆུ་ལ་སྦངས་པའི་ཁུ་བ་མིག་ནང་དུ་ཡང་ཡང་གཏིགས་དགོས།)


སྐབས་སྔོན་མ། མིག་ཚག་གི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།