དེ་རིང་ནི2026ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​རྣ་བར་གཉན་ཁ་རྒྱས་པ།

2026-04-29 08:48:47   |   67

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

རྣ་བར་གཉན་ཁ་རྒྱས་པ་ནི་རྣ་བའི་བར་རྣར་གཉན་ཁ་རྒྱས་པའི་ནད་ཅིག་ཡིན། དེའི་རྒྱུ་རྐྱེན་ནི་ལུག་ཤ་དང་ཆང་རག་སོགས་ཟས་སྐོམ་ཚ་སྐྱུར་རིགས་བསྟེན་དྲགས་པ་དང་། རྣ་བར་བཙོག་པ་ཤོར་བ། ལྷག་ཏུ་ཆམ་པ་དང་རིམས་ཚད་སོགས་ཀྱི་ནད་དུག་རྣ་གྲེ་དང་སྣའི་བུ་ག་བརྒྱུད་དེ་བར་རྣར་ཁྱབ་རྗེས་སློང་བ་ཡིན།

ནད་རྟགས།

རྣ་བར་གཟེར་ཟུག་དྲག་པོ་གཏོང་བ་དང་། སྒྲ་སྐད་ཐོས་ཤུགས་ཆང་དུ་འགྲོ་བ། ཁྲག་ཆུ་དམར་སེར་འཛག་པ་དང་ཆབས་ཅིག ཚ་བ་རྒྱས་པ་དང་མགོ་བོ་ན་བ། མཐར་རྣ་བའི་རྔ་པགས་སྐྲངས་པ་དང་། རལ་རྡོལ་ཆགས་པ་ཡང་ཡོང་སྲིད་པ་ཡིན།

གསོ་ཐབས།

བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་མ་ནུ་བཞི་ཐང་དང་སྤང་རྩི་བཅུ་གཉིས། ཕན་པ་ཀུན་ལྡན། གུར་ཁྱུང་། རྡོ་རྗེ་རབ་འཛོམས། ཁྱུང་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གཏོང་དགོས།


སྐབས་སྔོན་མ། མིག་ཆུའི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།