དེ་རིང་ནི2026ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྣ་བར་རྣག་བསགས་པ།

2026-04-30 08:32:37   |   35

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

རྣ་བར་རྣག་བསགས་པ་ནི་བར་རྣར་རྣག་བསགས་ནས་མཐར་རྣ་བ་འོན་པའི་ནད་ཅིག་ཡིན་ལ། དེའི་སློང་རྐྱེན་ནི། རྣ་བར་གཉན་ཁ་རྒྱས་པའི་ནད་དེ་དུས་ཐོག་ཏུ་མ་བཅོས་པར་ཡུན་རིང་ལུས་ཏེ་བསླངས་པ་ཡིན།

ནད་རྟགས།

རྣ་བ་ནས་ཡུན་རིང་རྣག་འཛག་པ་དང་རྣ་བ་འོན་པ། རྣག་རོ་རྡོག་རྡོག་དོན་པ། རྣ་བའི་རྔ་པགས་རལ་རྡོལ་བྱུང་ནས་མཐར་རྣ་བ་རྦད་དེ་འོན་པ་ཡང་ཡོང་སྲིད་པར་མ་ཟད། ད་དུང་དེས་ཀླད་པར་ཤུགས་རྐྱེན་ཐེབས་ན་མགོ་བོ་ན་བ་དང༌། ཚ་བ་རྒྱས་པ། སྐྱུག་མེར་ལངས་པ། སྐྱུགས་པ་ཤོར་བ་སོགས་ཀྱི་ནད་རྟགས་ཀྱང་ཡོང་སྲིད་པ་ཡིན།

གསོ་ཐབས།

བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་དུ་གུར་ཁྱུང་དང་རྡོ་རྗེ་རབ་འཇོམས། གུར་ཀུམ་བཅུ་གསུམ། སྤང་ཁྲག་བཅུ་གཉིས་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་པ་དང༌། དེ་མཚུངས་སུ་རྣ་བར་རུ་རྟ་དང་ཨ་རུའི་ཕྱེ་བ་སྣུམ་ནང་བཙོས་པའི་དྭངས་མ་གཏིགས་པ་དང༌། ཡང་ན་ལ་ཕུག་གཞོན་ནུ་བཙིར་བའི་ཁུ་བའམ་ར་གཅིན་གཏིགས་པ། གཞན་ཡང་ཨུག་ཆོས་དམར་པོའི་འབྲུ་དང་གླ་རྩི། བོད་ལབ།(ལ་ཕུག) རུ་རྟ། སྒོག་པ་བཅས་ར་ཐུག་གི་དྲི་ཆུར་སྦངས་པའི་ཁུ་བར་ཟངས་ཐལ་བསྣན་ནས་གཏིགས་པ་སོགས་ཐབས་ཤེས་ལ་བརྟེན་ནས་གསོ་དགོས།


སྐབས་སྔོན་མ། ​རྣ་བར་གཉན་ཁ་རྒྱས་པ།
སྐབས་རྗེས་མ། མེད།
མཉམ་སྤྱོད།