དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཁའི་ཆུ་བེད་གཙོ་ཡིན་པའི་ཞིང་ལས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཇི་ལྟར་ཤུགས་སྣོན་བྱེད་རྒྱུ།

2024-08-28 08:55:45   |   144

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

ཞིང་ཁའི་ཆུ་བེད་གཙོ་ཡིན་པའི་ཞིང་ལས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་ན། གཤམ་གྱི་དོན་ཚན་དྲུག་གི་ལས་འགན་ཡོངས་འགྲུབ་འབྱུང་དགོས། 

གཅིག་ནས་ཞིང་ཁའི་ཆུ་བེད་ཆུང་བའི་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཞིང་ཁའི་ཆུ་བེད་ལས་གཞིའི་འཛུགས་སྐྲུན་ཁ་གསབ་ཆེད་སྤྱོད་མ་དངུལ་ཆེས་ཆེར་ཇེ་མང་དུ་བཏང་ནས། ཆུ་མ་ས་ཁུལ་གྱི་ཡུར་བ་ཆུང་བ་མ་ལག་གི་སྒྱུར་བཀོད་དང་འཁྱིལ་ཆུ་འབུད་བྱེད་སྒྲིག་བཀོད་འཛུགས་སྐྲུན་དེ་ཁ་གསབ་ཀྱི་ཁྱབ་ཁོངས་ནང་དུ་འགོད་རྒྱུ། ཆར་ཆུ་བསགས་ནས་བེད་སྤྱོད་པ་གཙོ་བྱས་ཐོག  རི་ལུང་ས་ཁུལ་གྱི་ཐན་འགོག་ཆུ་ཁུངས་ལས་གཞི་ཆུང་བ་གསར་སྐྲུན་བྱེད་རྒྱུ། བྱ་དགའ་ཡོད་པ་དང་ཁ་གསབ་བྱེད་པའི་རྣམ་པ་སྤྱད་དེ་ཞིང་པས་ཞིང་ཁའི་ཆུ་བེད་ཆུང་བ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱེད་རྒྱུ། 

གཉིས་ནས་ཆུ་གྲོན་ཆུང་བྱས་ནས་ཞིང་ལ་ཆུ་གཏོང་བ་གོང་འཕེལ་ཆེན་པོ་གཏོང་རྒྱུ། ཆུ་མ་ས་ཁུལ་ཆེན་པོའི་ཆུ་གྲོན་ཆུང་སྒྱུར་བཀོད་དེ་མུ་མཐུད་དུ་ཞིང་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ས་གལ་ཆེན་དུ་བརྩིས་ཐོག  2020ལོར་ཐོན་ཚེ། ཆུ་མ་ས་ཁུལ་ཆེན་པོའི་ཆ་ཚང་མཐུད་སྐྲུན་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་ལས་འགན་ཡོངས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ། ཞིང་ལས་སྐོར་གྱི་ཆུ་འདྲེན་དང་ཆུ་འབུད་ཐད་བཀོལ་བའི་གློག་ལ་གཟིགས་སྐྱོང་བྱེད་རྒྱུ།

གསུམ་ནས་སྐྱོན་ཡོད་ཆུ་མཛོད་ཀྱི་སྐྱོན་སེལ་སྲ་མཁྲེགས་སུ་གཏོང་བ་མྱུར་འཛིན་བྱེད་རྒྱུ། སྐྱོན་ཡོད་ཆུ་མཛོད་ཀྱི་སྐྱོན་སེལ་སྲ་གཏོང་མ་དངུལ་ཇེ་མང་དུ་བཏང་ཐོག  འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། ཆུ་མཛོད་ཆེ་འབྲིང་དང་སྐྱོན་ཡོད་ཆུ་མཛོད་ཆུང་བ་གཙོ་བོའི་སྐྱོན་སེལ་སྲ་གཏོང་ལས་འགན་ཡོངས་འགྲུབ་འབྱུང་བ་ཇེ་མགྱོགས་སུ་གཏོང་རྒྱུ། ས་གནས་སོ་སོས་གཙོ་གནད་ས་ཁུལ་གྱི་ཆུ་བོ་འབྲིང་ཆུང་གི་བདག་སྐྱོང་འཆར་འགོད་བྱེད་པ་ཇེ་མགྱོགས་སུ་བཏང་ཐོག འཛུགས་སྐྲུན་མ་དངུལ་ཇེ་མང་དུ་གཏོང་རྒྱུ་དང་། ཀྲུང་དབྱང་གིས་ནུབ་ཕྱོགས་ས་ཁུལ་ལ་ཁ་གསབ་འོས་འཚམ་བྱེད་རྒྱུ།

བཞི་ནས་འདེབས་ཞིང་སྲུང་སྐྱོབ་དང་ས་རྒྱུ་ལེགས་སྒྱུར་ལ་ཤུགས་སྣོན་བྱེད་རྒྱུ། མུ་མཐུད་དུ་གཏོང་འཇོག་ཇེ་མང་དུ་བཏང་ཐོག  ཐོན་འབབ་དམའ་འབྲིང་གི་འདེབས་ཞིང་ལེགས་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། འདེབས་ཞིང་གཤིན་པོར་གཏོང་བའི་ལས་གཞི་ལག་བསྟར་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ་དང་།  ས་རྒྱུ་ཚད་ལེན་དང་རྫས་སྦྱོར་ལུད་འཇོག་གི་རྒྱ་ཁྱོན་ཇེ་ཆེར་གཏོང་རྒྱུ། ཞིང་པས་སོག་མ་ཞིང་ནང་དུ་འཇོག་པ་དང་། ལུད་སྔོན་འདེབས་འཛུགས་དང་། སྐྱེ་ལྡན་ལུད་མང་པོ་འཇོག་པར་རྒྱབ་སྐྱོར་བྱེད་རྒྱུ། 

ལྔ་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་རྒྱུ། ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བ་ནི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་སྒྱུར་བར་དགོས་གལ་ཆེ་བ་ཞིག་ཡིན་ལ། ཞིང་ཆས་བཟོ་ལས་དར་སྤེལ་གཏོང་བར་བཏོན་པའི་གླགས་གལ་ཆེན་ཞིག་ཀྱང་ཡིན། འབྲུ་རིགས་ལོ་ཏོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་ལ་འཕྲུལ་ཆས་ཅན་དུ་གཏོང་བ་ཇེ་མགྱོགས་སུ་བཏང་ཐོག  བརྟན་བརླིང་ངང་དཔལ་འབྱོར་ལོ་ཏོག་དང་གསོ་སྤེལ་ལས་རིགས་འཕྲུལ་ཆས་ཅན་དུ་སྒྱུར་བ་གོང་འཕེལ་དུ་གཏོང་རྒྱུ། 

དྲུག་ནས་མུ་མཐུད་དུ་ཕྱི་སྣོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ། རང་སྐྱེས་ནགས་ཚལ་གྱི་སྲུང་སྐྱོང་ལག་བསྟར་དང་ཞིང་སྐྱུར་སྡོང་འཛུགས་སོགས་ཕྱི་སྣོད་སྐྱེ་ཁམས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱེད་རྒྱུ། ནགས་ཚལ་དང་། རྩྭ་ཐང་དང་། ས་ཆུ་སྲུང་འཛིན་བཅས་ཕྱི་སྣོད་སྐྱེ་ཁམས་ཕན་འབྲས་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་བཙུགས་ཐོག  ཐབས་ལམ་མང་པོ་ནས་ཁ་གསབ་མ་དངུལ་གྲབས་གསོག་བྱས་ནས། ཕྱི་སྣོད་སྐྱེ་ཁམས་ཀྱི་ནུ་བ་ཇེ་དྲག་ཏུ་གཏོང་རྒྱུ། མུ་མཐུད་དུ་རི་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ་བྱ་བ་བསྒྲུབས་ནས་ནགས་ཚལ་ཐོན་ལས་གོང་དུ་འཕེལ་བར་སྐུལ་ལྕག་གཏོང་རྒྱུ། རྩྭ་དང་ཕྱུགས་བར་གྱི་བཏང་སྙོམ་ལམ་ལུགས་དངོས་འབབ་བྱས་ཐོག ཕྱུགས་ཕྱུང་རྩྭ་སྐྱོང་སྤེལ་ནས་འབྲོག་ཕྱོགས་ས་ཁུལ་ཀྱི་ཆུ་བེད་གོང་འཕེལ་དང་མིས་བཏབ་རྩྭ་ཐང་གསར་སྐྲུན་བྱེད་རྒྱུ།


མཉམ་སྤྱོད།