དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་ཞིང་ལས་འཕྲུལ་ཆས་ཅན་དུ་འཕེལ་བའི་གནས་ཚུལ་ཅི་འདྲ་ཞིག་ཡིན།

2024-08-29 09:35:19   |   206

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

ཞིང་ལས་འཕྲུལ་ཆས་ནི་དེང་རབས་ཞིང་ལས་གོང་དུ་སྤེལ་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་པ་ནི་ཞིང་ལས་དེང་རབས་ཅན་དུ་གྱུར་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར། རང་རེའི་རྒྱལ་ཁབ་སྲོལ་རྒྱུན་ཞིང་ལས་ནས་དེང་རབས་ཞིང་ལས་སུ་འཕོ་འགྱུར་བྱུང་བའི་དུས་སྐབས་སུ་གནས་ཡོད་པས། ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བ་དང་ཞིང་ལས་འཕྲུལ་ཆས་བཟོ་ལས་གོང་དུ་འཕེལ་བ་ཇེ་མགྱོགས་སུ་བཏང་ན། ཞིང་ལས་ཀྱི་སྒྲིག་བཀོད་ཆུ་ཚད་མཐོར་འདེགས་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སྒྱུར། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་གཏོང་བ། ཞིང་སྡེའི་འཛད་སྤྱོད་དགོས་མཁོ་འཕར་བར་བྱེད་པ་བཅས་ལ་གལ་ཆེ་བའི་དོན་སྙིང་ལྡན་ཡོད། 2004ལོ—2009ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མུ་ནས་ཡིག་ཆ་དྲུག་བཀྲམ་པས། ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། 2007ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ནས། ཧུར་བརྩོན་གྱིས་ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བ་ནི་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པའི་དངོས་པའི་རྨང་གཞི་ཡིན་ཞེས་པ་བཏོན་པ་ནས2008ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན། དེ་ནས2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ནས། ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བའི་ལས་གཞི་ནན་མཛད་བྱས། ལོ་གསུམ་རིང་ལ། ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་དུ་ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བའི་ནང་དོན་མུ་མཐུད་དུ་ཇེ་མང་དུ་གྱུར། 《བསམ་འཆར》གྱི་བླང་བྱ་ལྟར་ན། ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བའི་ལས་གཞི་སྤེལ་ན། གཙོ་བོ་དཔེ་སྟོན་རྨང་གཞི་དང་། འཕྲུལ་ཆས་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཕྱི་དང་བདེ་འཇགས་ལྟ་སྐུལ་ནུས་པ་མཐོར་འདེགས་གཏོང་དགོས། འབྲུ་གཡིས་ལོ་ཏོག་འདེབས་སྡུད་དག་གི་ཁྲོད་དུ་འཕྲུལ་ཆས་བཀོལ་བ་ཁྱབ་གདལ་གཏོང་བ་གཙོ་བྱས་ཐོག  རི་མ་འདེབས་ཞིང་དུ་བཀོལ་ཆོག་པའི་སྟབས་བདེ་ཞིང་ལས་འཕྲུལ་ཆས་དང་། རྒྱ་ཁྱོན་ཆེན་པོའི་ནང་དུ་བཀོལ་བའི་ཞིང་ལས་འཕྲུལ་ཆས་ཆེན་པོ་ཞིབ་འཇུག་གསར་སྐྲུན་བྱེད་རྒྱུ། ཞིང་ལས་འཕྲུལ་ཆས་བཟོ་ལས་ཀྱི་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ཐོག ཞིང་ལས་འཕྲུལ་ཆས་ཐོན་རྫས་ཀྱི་འོས་སྤྱོད་རང་བཞིན་དང་སྤྱོད་ཤན་ཆེ་བའི་རང་བཞིན་མཐོར་འདེགས་གཏོང་རྒྱུ། ཞིང་ལས་འཕྲུལ་ཆས་ཆེན་པོ་ཡོད་པའི་ཞིང་པ་དང་། འབྲུ་རིགས་འདེབས་རྒྱ་ཆེ་བའི་ཞིང་པ་དང་། ཞིང་ལས་འཕྲུལ་ཆས་ཞབས་ཕྱི་རྩ་འཛུགས་བཅས་ཀྱིས་ཞིང་ལས་འཕྲུལ་ཆས་ཆེན་པོ་ཉོ་ན་ཡིད་རྟོན་གྱིས་རྒྱབ་སྐྱོར་བྱེད་རྒྱུ། ཞིང་ལས་སུ་བཀོལ་བའི་འབར་གཡིས་ཀྱི་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་ཐོག  ནུས་ཁུངས་འཛད་པ་ཆེ་བའི་ཞིང་ལས་འཕྲུལ་ཆས་རྙིང་པ་བེད་མེད་དང་གསར་པ་བརྗེ་བའི་དཔལ་འབྱོར་ཁ་གསབ་ལམ་ལུགས་འཛུགས་རྒྱུ།


མཉམ་སྤྱོད།