དེ་རིང་ནི2025ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བའི་དམིགས་ཡུལ་ཅི་ཞིག་ཡིན།

2024-08-30 09:32:54   |   589

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

2015ལོར་ཐོན་ཚེ། ཞིང་ལས་འཕྲུལ་ཆས་ཡོངས་རྫོགས་ཀྱི་རྟ་ཤུགས་སྟོང་ཝ་དུང་ཕྱུར10ལ་ཐོན་པ་དང་། དེའི་ནང་དུ་ཆུ་འདྲེན་འཕྲུལ་ཆས་ཀྱི་སྒུལ་ཤུགས་སྟོང་ཝ་དུང་ཕྱུར་གཅིག་དང་། ཞིང་ལས་ལོ་ཏོག་གཙོ་བོའི་འདེབས་སྡུད་འཕྲུལ་ཆས་ཀྱི་ཆུ་ཚད55%ཡན་འཐོན་པར་འཇུག་རྒྱུ། འབྲུ་དང་སྲིང་བལ་དང་གཡིས་དང་ཀ་ར་སོགས་ཞིང་ལས་ལོ་ཏོག་གཙོ་བོའི་འཕྲུལ་ཆས་ཅན་དུ་གྱུར་པའི་ཆུ་ཚད་མཐོར་འདེགས་ལྷང་ངེ་བར་འབྱུང་དུ་འཇུག་རྒྱུ། གསོ་སྤེལ་ལས་རིགས་དང་། ནགས་དང་ཤིང་ཏོག་ལས་རིགས་དང་། ཞིང་ལས་ཐོན་རྫས་ཀྱི་ཐོག་མར་ལས་སྣོན་འཕྲུལ་ཆས་མཐུན་སྦྱོར་ངང་གོང་དུ་འཕེལ་བ། ཞིང་ལས་འཕྲུལ་ཆས་ཀྱི་ཞབས་ཕྱི་མ་ལག་མུ་ནས་འཐུས་ཚང་དུ་འགྱུར་བ། ཞབས་ཕྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་འགྱུར་བ། མཐུན་སྦྱོར་ཕན་ཡོད་ཀྱི་ཞིང་ལས་འཕྲུལ་ཆས་བཟོ་ལས་ཀྱི་རང་ཉིད་གསར་སྐྲུན་སྟེགས་བུ་བཙུགས་ནས་འགྲུབ་པར་འཇུག་རྒྱུ་དང་། རང་བདག་གི་ཤེས་ཡོན་ཐོན་དབང་ཡོད་པའི་ཐོན་རྫས་ལག་རྩལ་དུ་མ་ཞིག་ཆགས་སུ་འཇུག་རྒྱུ། ཐོན་རྫས་ལ་ལ་རྒྱལ་སྤྱི་ཁྲོད་ཀྱི་སྔོན་ཐོན་ཆུ་ཚད་དུ་འཐོན་པར་འཇུག་རྒྱུ།

2020ལོར་ཐོན་ཚེ། ཞིང་ལས་འཕྲུལ་ཆས་ཡོངས་རྫོགས་ཀྱི་སྒུལ་ཤུགས་སྟོང་ཝ་དུང་ཕྱུར12ཡས་མས་སུ་འཐོན་པར་འཇུག་རྒྱུ་དང་། དེའི་ནང་དུ་ཆུ་འདྲེན་འཕྲུལ་ཆས་ཀྱི་སྒུལ་ཤུགས་སྟོང་ཝ་དུང་ཕྱུར1.1ལ་འཐོན་པར་འཇུག་རྒྱུ་དང་། ཞིང་ལས་ལོ་ཏོག་གཙོ་བོའི་འདེབས་སྡུད་ཕྱོགས་བསྡུས་འཕྲུལ་ཆས་ཀྱི་ཆུ་ཚད65%ལ་འཐོན་པར་འཇུག་རྒྱུ། དེའི་ནང་དུ། གྲོའི་འདེབས་སྡུད་འཕྲུལ་ཆས་ཅན་དུ་གྱུར་པའི་ཆུ་ཚད90%ཡན་དང་། འབྲས་ཀྱི་འདེབས་སྡུད་གཉིས་འཕྲུལ་ཆས་ཅན་དུ་གྱུར་པའི་ཆུ་ཚད་སོ་སོར60%དང85%ལ་འཐོན་པར་འཇུག་རྒྱུ། མ་རྨོས་ལོ་ཏོག་གི་འཕྲུལ་ཆས་བརྔ་སྡུད་ཆུ་ཚད50%ཡས་མས་སུ་འཐོན་པར་འཇུག་རྒྱུ། ཡུངས་དཀར་འདེབས་སྡུད་གཉིས་འཕྲུལ་ཆས་ཅན་དུ་གྱུར་པའི་ཆུ་ཚད་སོ་སོར15%དང་20%ཡན་ལ་འཐོན་པར་འཇུག་རྒྱུ། བུར་ཤིང་གི་འདེབས་སྡུད་འཕྲུལ་ཆས་ཀྱི་གནད་འགག་ལག་རྩལ་གནད་དོན་ཕལ་ཆེར་ཐག་གཅོད་བྱེད་རྒྱུ། ཞིང་ལས་འཕྲུལ་ཆས་བཟོ་ལས་ཀྱི་གསར་སྐྲུན་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྱབ་ཁོངས་གཙོ་བོའི་གནད་འགག་ལག་རྩལ་ལ་འགག་སྒོ་ལས་བརྟོལ་བར་བྱས་ནས། རྒྱལ་སྤྱི་ཁྲོད་དུ་འགྲན་རྩོད་ནུས་པ་ཡོད་པ་དང་། ཐོན་རྫས་ཀྱི་ཤན་ཤུགས་ཡོད་པའི་ཁེ་ལས་ཚོགས་པ་ཆེན་པོ་དུ་མ་ཞིག་ཆགས་སུ་འཇུག་རྒྱུ། ཕལ་ཆེར་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་རྒྱུན་འཁོར་མ་ལག་བཙུགས་ནས་འགྲུབ་པར་འཇུག་རྒྱུ་དང་ཞིང་ལས་འཕྲུལ་ཆས་བཙོངས་རྗེས་ཀྱི་ཞབས་ཕྱི་དྲ་བ་འཐུས་ཚང་དུ་གཏོང་རྒྱུ།


མཉམ་སྤྱོད།