དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རེའི་རྒྱལ་ཁབ་ཀྱི་ས་ཆ་འདྲ་མིན་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་གོང་འཕེལ་གཏོང་ས་གཙོ་བོ་ལ་མི་འདྲ་ས་གང་དག་ཡོད།

2024-09-02 14:34:26   |   247

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

ཤར་བྱང་ས་ཁུལ་དང་།  ཞིན་ཅང་སྲིང་བལ་ས་ཁུལ།  ཀྲུང་ཧྭ་ལྷོ་རྒྱུད་བུར་ཤིང་ས་ཁུལ་བཅས་ལ་གཙོ་བོ་རྟ་ཤུགས་ཆེན་པོ་དང་རང་རྒྱུད་མཐོ་དྲགས་པའི་ཞིང་ལས་འཕྲུལ་ཆས་གོང་འཕེལ་བཏང་ཐོག   ཞིང་ལས་འཕྲུལ་ཆས་ཆེན་པོ་སྡེབ་སྒྲིག་གི་ཚད་དང་བཀོལ་སྤྱོད་བྱེད་ཚད་མཐོར་འདེགས་སུ་བཏང་ནས།  ཐོག་མར་འབྲུ་རིགས་ཐོན་སྐྱེད་ཀྱི་གོ་རིམ་ཡོངས་འཕྲུལ་ཆས་ཅན་དུ་བསྒྱུར་རྒྱུ་མངོན་འགྱུར་ཡོང་བ་བྱེད་རྒྱུ། སྲིང་བལ་གྱི་འཕྲུལ་སྡུད་ཆུ་ཚད་མཐོར་འདེགས་ཆེན་པོ་གཏོང་རྒྱུ།  བུར་ཤིང་བརྔ་སྡུད་འཕྲུལ་ཆས་ཅན་དུ་འགྱུར་བར་བྱེད་པའི་གནད་འགག་བརྟོལ་བར་བྱས་ནས་བུར་ཤིང་འདེབས་སྡུད་འཕྲལ་ཆས་ཅན་དུ་སྒྱུར་པའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ།  རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་ས་ཁུལ་དུ་གྲོ་ཐོན་སྐྱེད་བྱེད་ཁྲོད་ཚང་མ་འཕྲུལ་ཆས་ཅན་དུ་བསྒྱུར་པའི་འཕེལ་འབྲས་བརྟན་སྲུང་བྱས་ཐོག   སྒྲིག་ཆས་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་བཏང་ནས་ལས་བྱེད་ཕན་ཡོན་མཐོར་འདེགས་གཏོང་རྒྱུ།  མ་རྨོས་ལོ་ཏོག་གི་འཕྲུལ་སྡུད་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་གཙིགས་སུ་བཟུང་ནས།  མ་རྨོས་ལོ་ཏོག་ཐོན་སྐྱེད་ཀྱི་གོ་རིམ་ཡོངས་སུ་རིམ་གྱིས་འཕྲུལ་ཆས་ཅན་དུ་བསྒྱུར་རྒྱུ་མངོན་འགྱུར་ཡོང་བ་བྱེད་རྒྱུ།  བ་དམ་བརྔ་སྡུད་འཕྲུལ་ཆས་ཀྱི་དཔེ་སྟོན་ཁྱབ་གདལ་རྒྱ་ཆེར་སྤེལ་ནས་བ་དམ་གྱི་འཕྲུལ་སྡུད་རྒྱ་ཁྱོན་ཇེ་ཆེར་གཏོང་རྒྱུ། 

འབྲི་ཆུ་འབབ་རྒྱུད་དཀྱིལ་སྨད་ས་ཁུལ་དུ།  གཙོ་བོ་འབྲས་ཀྱི་འཕྲུལ་འདེབས་ལག་རྩལ་ཁྱབ་གདལ་དུ་བཏང་ཐོག་འབྲས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཡོངས་སུ་འཕྲུལ་ཆས་ཅན་དུ་བསྒྱུར་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ།  ཡུངས་དཀར་འདེབས་སྡུད་འཕྲལ་ཆས་ཅན་དུ་གཏོང་བར་ཧུར་བརྩོན་བྱས་ཐོག   ཐད་ཀར་འཕྲུལ་ཆས་ཀྱིས་འདེབས་པ་དང་འཕྲུལ་ཆས་ཀྱིས་སྡུད་པ་ཁྱབ་གདལ་དུ་གཏོང་ཤུགས་ཇེ་ཆེར་བཏང་ནས།  ཡུངས་དཀར་ཐོན་སྐྱེད་བརྒྱུད་རིམ་ཡོངས་སུ་འཕྲུལ་ཆས་ཅན་དུ་བསྒྱུར་རྒྱུར་སྐུལ་ལྕག་གཏོང་རྒྱུ།

ལྷོ་ཕྱོགས་དེའུ་འབུར་རི་ཁུལ་དུ། སྟབས་བདེ་དང་།  སྤྱོད་ཤན་ཆེ་བ་དང་།  ནུས་ཟད་ཉུང་བའི་འདེབས་སྡུད་འཕྲུལ་ཆས་ཆུང་གྲས་དང་འདེབས་སྲུང་འཕྲུལ་ཆས་ཁྱབ་གདལ་དུ་བཏང་ནས།  དེའུ་འབུར་རི་ཁུལ་དུ་གཙོ་བོ་འབྲུ་གཡིས་ལོ་ཏོག་དང་ཁྱབ་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་གཏོང་རྒྱུ།  ཆུ་འདྲེན་དང་ཆུ་ཕྱུང་སྒྲིག་ཆས་རྙིང་པ་གསར་བརྗེ་དང་སྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་བཏང་ཐོག   ཆུ་གྲོན་ཆུང་གིས་འདྲེན་པ་དང་ཐན་འགོག་སྒྲིག་ཆས་ཆུང་གྲས་ཁྱབ་གདལ་དུ་གཏོང་བ་ཇེ་མགྱོགས་བཏང་ནས་ཆུ་འདྲེན་ཆུ་ཕྱུང་སྒྲིག་ཆས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ།

ས་ཆ་གཞན་པ་ལ་འབྲས་དང་མ་རྨོས་ལོ་ཏོག་དང་།  ཞོག་ཁོག་དང་།  ཡུངས་དཀར་སོགས་ཞིང་ལས་ལོ་ཏོག་གཙོ་བོའི་གནད་འགག་ལྷུ་ལག་གི་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོར་འདེགས་ཇེ་མགྱོགས་སུ་བཏང་ཐོག   གནས་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ལོ་ཏོག་གོང་འཕེལ་གཏོང་རྒྱུ་དང་། ཕྱུགས་དང་ཁྱིམ་བྱ་དང་།  ཆུ་ཐོན་གསོ་སྤེལ་སོགས་འཕྲུལ་ཆས་ཅན་དུ་གྱུར་པ་གོང་འཕེལ་གཏོང་རྒྱུ།


མཉམ་སྤྱོད།