དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ལས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་ཇི་ལྟར་གཏོང་རྒྱུ།

2024-09-03 10:30:20   |   168

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

ཞིང་ལས་ཆ་འཕྲིན་ཅན་ཞེས་པ་ནི། ཆ་འཕྲིན་དང་ཤེས་ཡོན་དེ་ཉིན་རེ་ལས་ཉིན་རེ་བཞིན་དུ་ཞིང་ལས་ཐོན་སྐྱེད་བྱ་འགུལ་གྱི་གཞི་རྩའི་ཐོན་ཁུངས་དང་གོང་འཕེལ་གཏོང་ཤུགས་སུ་གྱུར་ཡོད་པ་དང་།  ཆ་འཕྲིན་དང་ལག་རྩལ་འདྲི་རྩད་ཞབས་ཕྱི་དེ་ཡང་ཉིན་རེ་ལས་ཉིན་རེ་བཞིན་དུ་ཞིང་ལས་གྲུབ་ཚུལ་གྱི་རྨང་གཞི་ཐོན་ལས་ཁྲོད་ཀྱི་གཅིག་ཏུ་གྱུར། ཆ་འཕྲིན་དང་རིག་སྟོབས་བྱ་འགུལ་གྱིས་ཞིང་ལས་གོང་འཕེལ་ལ་ཕུལ་བའི་བྱས་རྗེས་དེ་ཡང་ཉིན་རེ་བཞིན་དུ་ཇེ་ཆེར་འགྲོ་བཞིན་པའི་བརྒྱུད་རིམ་དེ་ལ་སྟོན་པའོ།

ཆ་འཕྲིན་ལག་རྩལ་གྱིས་ཞིང་ལས་སྤྲས་པ།  ཆ་འཕྲིན་ཞབས་ཕྱི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཐོག“གསེར་ཞིང”ལས་གཞི་ལག་བསྟར་གཏིང་ཟབ་ཏུ་སྤེལ་ནས།  རྒྱལ་ཁབ་དང་ཞིང་ཆེན་དང་།  གྲོང་ཁྱེར་དང་།  རྫོང་བཅས་རིམ་པ་བཞིའི་ཞིང་ལས་ཆ་འཕྲིན་དྲ་བ་དང་ཕན་ཚུན་འབྲེལ་བའི་ལྟེ་གནས་འཛུགས་རྒྱུ། ཚད་གཞི་གཅིག་གྱུར་ཡིན་པ་དང་སྤྱོད་གོ་ཆོད་པའི་སྤྱི་སྤྱོད་ཞིང་ལས་གྲངས་མཛོད་སྐོར་ཞིག་འཛུགས་སྐྲུན་མགྱོགས་པོ་བྱེད་རྒྱུ། ཞིང་སྡེ་ཕུང་པོ་གཅིག་ཅན་གྱི་ཆ་འཕྲིན་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཐོག  ཞབས་ཕྱི་ཞུ་སྟངས་གསར་གཏོད་དང་།  ཞིང་སྡེ་ཆ་འཕྲིན་ཅན་གྱི་དཔེ་སྟོན་ལས་གཞི་སྤེལ་མགོ་བརྩམ་རྒྱུ།  གནམ་གཤིས་ཀྱིས་ཞིང་ལས་ཐོན་སྐྱེད་དང་ཞིང་པའི་འཚོ་བར་ཞབས་ཕྱི་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ།  ཆ་རྐྱེན་ཡོད་པའི་ས་ཆ་ལ་སྐུལ་སློང་བྱས་ནས་ཞིང་ལས་ཐོན་སྐྱེད་ཁྲོད་དུ་འཛམ་གླིང་ཡོངས་ནས་རྒྱུ་སྐར་གྱིས་གནས་ཐིག་གཏན་ཁེལ་མ་ལག་དང་།  ས་བབ་ཆ་འཕྲིན་མ་ལག་དང་།  རྒྱང་ཚོར་དང་། དོ་དམ་ཆ་འཕྲིན་མ་ལག་སོགས་ཀྱི་ལག་རྩལ་བེད་སྤྱོད་པར་བྱེད་རྒྱུ།  དེ་མ་ཟད་རྒྱལ་ཡོངས་ནས་རིམ་གྱིས་ཡོན་དམའ་བའི་ཞིང་ལས་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱི་ཁ་པར་ཁྱབ་གདལ་གཏོང་རྒྱུ།   ཞིང་ལས་ཆ་འཕྲིན་སྡུད་གསོག་དང་འགྲེམ་སྤེལ་ལམ་ལུགས་འཐུས་ཚང་དུ་བཏང་ནས།   ཞིང་པ་དང་ཁེ་ལས་ལ་དུས་ཐོག་ཏུ་ཕན་ཡོད་ཆ་འཕྲིན་ཞབས་ཕྱི་འདོན་སྤྲོད་བྱེད་རྒྱུ།


མཉམ་སྤྱོད།