དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ལས་ཚན་རྩལ་གསར་གཏོད་ཇི་ལྟར་བྱེད་རྒྱུ།

2024-09-04 14:30:52   |   146

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

དེང་རབས་ཞིང་ལས་གོང་དུ་སྤེལ་བར་ཧུར་བརྩོན་བྱས་ན།  ངེས་པར་དུ་ཞིང་ལས་ཚན་རྩལ་གསར་གཏོད་བྱེད་དགོས།  རྒྱུ་མཚན་ནི།   ཚན་རྩལ་གསར་གཏོད་དེ་ནི་ཞིང་ལས་དེང་རབས་ཅན་དུ་གཏོང་བ་དང་།  ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བརྟེན་པ་གལ་ཆེན་ཞིག་ཡིན་པའི་ཕྱིར་རོ། ཞིང་ལས་ཚན་རྩལ་གསར་གཏོད་བྱས་ན་གཤམ་གྱི་དོན་ཚན་དུ་མ་དེ་དག་སྒྲུབ་དགོས་ཏེ། 

(1)ཞིང་ལས་ཚན་རྩལ་གསར་གཏོད་བྱས་ན།  ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་སྐྲུན་དགོས།  སྟོབས་ཤུགས་ལྡན་པའི་ཚན་རྩལ་པ་དཔུང་ཁག་གསར་པ་ཞིག་འཛུགས་སྐྲུན་བྱས་ཐོག  ཞིང་ལས་ཚན་རྩལ་གསར་གཏོད་པ་འཇོན་ཐང་ཅན་གྱི་དཔུང་ཁག་རྒྱ་ཆེར་གཏོང་བ་དང་།  ད་ཡོད་འཇོན་ཐང་པའི་མི་མངོན་སྟོབས་ཤུགས་སྔོག་འདོན་བྱེད་དགོས་པ་དང་།  མི་འཇོན་ཐང་ཅན་གྱི་ཐོན་ཁུངས་ཡོད་ཚད་ཁོང་དུ་ཆུད་དགོས།  ཞིང་ལས་ཚན་རྩལ་སྐོར་གྱི་འགྲོ་སྒོ་ཇེ་མང་གཏོང་དགོས་པ་སྤྱི་དང་།  ནང་སྒོས་སུ་རྨང་གཞི་ཚན་ཞིབ་ཆ་རྐྱེན་དང་།  ཚན་ཁག་འཛུགས་སྐྲུན་དང་།  འཇོན་ཐང་པའི་དཔུང་ཁག་འཛུགས་སྐྲུན་དང་།   ཚན་རྩལ་ཐོན་ལས་ཅན་གྱི་རྣམ་གྲངས་སོགས་ཐད་ཀྱི་འགྲོ་སྒོ་རྒྱ་ཆེར་བཏང་ནས།  “ཞིབ་འཇུག་གསར་སྤེལ་ནུས་པ་ཚང་བ་དང་།  ཁྱབ་གདལ་དྲ་བ་འཐུས་ཚང་ཡིན་པ།  འབྲས་བུ་བེད་སྤྱོད་ཐོགས་པ་མེད་པ”ཞེས་པའི་ཞིང་ལས་ཚན་རྩལ་ཞབས་ཕྱི་མ་ལག་ཆགས་སུ་འཇུག་དགོས།

(2)ཞིང་ལས་ཚན་རྩལ་སྡེ་བ་དང་ཁྱིམ་ཚང་དུ་འགྲོ་བ་ལ་སྐུལ་དགོས།  ཚན་རྩལ་དེ་སྡེ་བ་དང་ཁྱིམ་ཚང་དུ་འགྲོ་བ་ནི་གསར་སྤེལ་དེས་ཞིང་ལས་ཐོན་སྐྱེད་བདག་གཉེར་ལ་ཕུལ་བའི་བྱས་རྗེས་ཆེ་ཆུང་དང་དངོས་སུ་འབྲེལ་ཡོད་པས།  ཚན་རྩལ་པ་དངོས་སུ་ཁྱིམ་ཚང་དུ་འགྲོ་བ་དང་།  སོན་བཟང་ཐབས་བཟང་དངོས་སུ་ཞིང་ཁ་རུ་ཐོན་པར་བྱེད་པ་དང་།  ལག་རྩལ་སྙིང་པོ་དེ་དངོས་སུ་མིའི་ལག་དུ་ཐོན་པར་བྱེད་པའི་ནང་རྐྱེན་བཙུགས་ན།  ད་གཟོད་ཞིང་ལས་ཚན་རྩལ་གྱི་འབྲས་བུ་ཐོན་སྐྱེད་ཁྲོད་བེད་སྤྱད་ནས་ཐོན་སྐྱེད་སྟོབས་ཤུགས་སུ་འགྱུར་ཐུབ་ལ་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ཆུ་ཚད་ཀྱང་མཐོར་འདེགས་འབྱུང་ཐུབ་པའོ།

(3)ཞིང་ལས་ཚན་རྩལ་ཞིབ་འཇུག་དང་བེད་སྤྱོད་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་དགོས།  ཞིང་ལས་ཚན་རྩལ་གྱི་འགྲོ་སྒོ་དོན་དམ་དུ་ཇེ་མང་དུ་བཏང་ཐོག  གཙོ་བོ་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཚན་རྩལ་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་དག་གིས་རྨང་གཞི་རང་བཞིན་དང་སྔོན་དུ་ཐོན་པའི་རང་བཞིན་ལྡན་པའི་ཞིབ་འཇུག་དང་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་།  སྔོན་ཐོན་དང་སྤྱོད་གོ་ཆེ་བའི་ལག་རྩལ་ཕྱོགས་བསྡུས་ཆ་ཚང་ལ་ཤུགས་སྣོན་བྱེད་དགོས།  ཐོན་སློབ་ཞིབ་གསུམ་དམ་པོར་སྦྲེལ་ཐོག  ཞིང་ལས་ཚན་རྩལ་གསར་སྤེལ་བྱ་འགུལ་ལ་སྐུལ་ལྕག་གཏོང་དགོས།  སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་ཕྱི་ལ་དོན་དམ་དུ་ཤུགས་སྣོན་བྱས་ཐོག  རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་ནས་ཁག་ཐེག་བྱེད་དགོས་པའི་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱི་རྣམ་གྲངས་སོ་སོ་ལ།  འབྲེལ་ཡོད་ཀྱི་ལས་ཁུངས་དང་དཔུང་ཁག་འཐུས་ཚང་དུ་མྱུར་བར་འཛུགས་དགོས་པ་དང་།  གྲོན་དངུལ་ཡང་ཁག་ཐེག་བྱེད་དགོས།

(4)ཞིང་ལས་ཚན་རྩལ་གསར་སྤེལ་གྱི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས།  ཞིང་ལས་ཚན་རྩལ་གྱི་འགྲོ་སྒོ་ཇེ་མང་གཏོང་དགོས་པ་དང་།  ཐབས་ལམ་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ།  ཞིང་ལས་ཚན་རྩལ་གསར་སྤེལ་ཐེབས་རྩ་བཙུགས་ནས་གཙོ་བོ་གནད་འགག་ཁྱབ་ཁོངས་དང་ཐོན་རྫས་གལ་ཆེན་དང་།  སྙིང་པོ་ལག་རྩལ་གྱི་ཚན་རྩལ་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་དགོས།  ཞིང་ལས་ཚན་རྩལ་གསོ་སྦྱོང་བྱ་བ་སྤེལ་ནས་ཞིང་པ་གསར་གྲས་སྐྱེད་སྲིང་བྱེད་དགོས།  མངགས་བཅོལ་དང་སུས་འཇོན་དེ་འགུག་དག་གི་རྣམ་པ་སྤྱད་ནས།  ཞིང་པ་ཆེད་ལས་ལག་རྩལ་མཐུན་ཚོགས་སོགས་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཕྱི་རྣམ་གྲངས་ཀྱི་སྒྲུབ་འགན་འཁུར་བར་སྣེ་ཁྲིད་བྱེད་དགོས།


མཉམ་སྤྱོད།