དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མིག་སྔར་ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པའི་གནད་ས་ཅི་ཞིག་ཡིན།

2024-09-29 09:05:15   |   463

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

2010ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་པ་ལྟར་ན།  མིག་སྔར་ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་གྱི་གནད་ས་གཤམ་གསལ་ཏེ།

(1)འདེབས་ཞིང་གི་ཐ་མའི་གྲངས་ཀ་རྦད་དེ་བསྲུང་དགོས།  སྲུང་སྐྱོབ་ཁ་གསབ་ནང་རྐྱེན་བཙུགས་ཐོག་རྩ་བའི་ས་ཞིང་གི་དབྱེ་མཚམས་གཅོད་པ་མགྱོགས་པོ་བྱས་ཏེ།  ཡུན་རིང་སྲུང་སྐྱོབ་ལག་ཏུ་བལྟར་དགོས།  སྲིད་གཞུང་གི་འདེབས་ཞིང་སྲུང་སྐྱོབ་དམིགས་འབེན་འགན་ཁུར་ལམ་ལུགས་དངོས་འབེབ་བྱས་ཐོག   རིམ་པ་གོང་མའི་ཞིབ་རྩིས་དང་ལྟ་སྐུལ།  རྩ་འཛུགས་སོགས་ལས་ཁུངས་བྱ་བ་དེའི་ནང་དུ་ཞུགས་ནས་དཔྱད་ཞིབ་བྱེད་དགོས།

(2)ཞིང་སྡེའི་ཐུན་མོང་ས་ཞིང་གི་བདག་དབང་དང་གཞི་སའི་སྤྱོད་དབང་།  ཐུན་མོང་འཛུགས་སྐྲུན་དུ་བེད་སྤྱོད་པའི་ས་ཞིང་གི་སྤྱོད་དབང་སོགས་ཀྱི་དབང་ཆ་ཐག་གཅོད་ཐོ་འགོད་དང་དཔང་ཡིག་བཀྲམ་སྟེར་བྱ་བ་མགྱོགས་པོར་སྒྲུབ་དགོས།  བྱ་བ་དེ་སྒྲུབ་པའི་འགྲོ་སྒོ་ནི་ནོར་སྲིད་སྔོན་རྩིས་ནང་དུ་འགོད་དགོས།  ལོ་གསུམ་དུ་འབད་པ་བྱས་ནས་ཞིང་སྡེའི་ཐུན་མོང་ས་ཞིང་གི་བདག་དབང་གཏན་དུ་ཕབ་ནས་བདག་དབང་ཡོད་པའི་ཞིང་པ་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོ་སོར་འཐོན་པར་འཇུག་རྒྱུ།

(3)གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེའི་ས་ཞིང་བདག་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དུ་བེད་སྤྱོད་པའི་ས་ཞིང་འཕར་ཆག་དང་སྦྲེལ་བ་དེ་ཚོད་ལྟ་ས་ཁུལ་ནང་དུ་ནན་འཇོག་བྱེད་རྒྱུ་དང་།  འཁོར་རྒྱུག་དམིགས་ཚད་དེ་ལོ་རེའི་ས་ཞིང་བེད་སྤྱོད་འཆར་གཞིའི་ནང་བཀོད་ནས་གཅིག་གྱུར་གྱིས་དོ་དམ་བྱེད་རྒྱུ།  ཞིང་སྡེའི་གཞི་ས་དང་སྡེ་བ་དག་སྒྲིག་བྱས་རྗེས་ལས་བྱུང་བའི་ས་ཞིང་ལྷག་མ་དེ་དག་སྔོན་བཞིན་ཞིང་པ་ཐུན་མོང་ལ་དབང་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དུ་བེད་སྤྱོད་པའི་ས་ཞིང་གི་སྤྱིའི་རྒྱ་ཁྱོན་ལས་མི་རྒལ་བ་ཁག་ཐེག་བྱེད་རྒྱུ།  བསྐྱར་འདེབས་ས་ཞིང་གི་རྒྱུ་སྤུས་ཁག་ཐེག་དང་ཞིང་པའི་ཁེ་དབང་སྲུང་སྐྱོབ་ཁག་ཐེག་བྱེད་རྒྱུ།

(4)གཟབ་ནན་དུ་མཆན་འགོད་དང་ཆ་ཤས་སུ་ཚོད་ལྟ།  བཀག་སྡོམ་ཀྱི་འཁོར་སྐྱོད།  ཉེན་ཁ་ཚོད་འཛིན་ཐུབ་པ་བཅས་ཀྱི་རྩ་དོན་ལྟར།  ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ཚད་ལྡན་དུ་གཏོང་རྒྱུ་དང་།  ས་ཞིང་དོ་དམ་བཅའ་ཁྲིམས་དག་བཅོས་མགྱོགས་པོ་བྱེད་རྒྱུ།


མཉམ་སྤྱོད།