དེ་རིང་ནི2025ལོའི་ཟླ06པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲུ་འདེབས་ཞིང་པས་འབྲུ་རིགས་ཐད་ཀར་ཁ་གསབ་ལོངས་སྤྱོད་པ་ལས་གཞན་ད་དུང་ཁ་གསབ་གང་དག་ལོངས་སྤྱོད་ཚོག

2024-10-14 09:24:55   |   991

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

ད་དུང་ས་བོན་ཁ་གསབ་དང་།  ཞིང་ལས་འཕྲུལ་ཆས་ཁ་གསབ།  ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་གི་ཕྱོགས་བསྡུས་ཁ་གསབ་སོགས་ལོངས་སྤྱོད་ཆོག  ཞིབ་ཏུ་བཤད་ན།  འབྲུ་འདེབས་ཞིང་པས་འབྲུ་རིགས་ཐད་ཀར་ཁ་གསབ་དང་།  སོན་བཟང་ཁ་གསབ།  ཞིང་ལས་འཕྲུལ་ཆས་ཁ་གསབ།  ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་གི་ཕྱོགས་བསྡུས་ཁ་གསབ་བཅས་རིགས་བཞིའི་ནོར་སྲིད་ཁ་གསབ་ལོངས་སྤྱོད་ཆོག  2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ལས།  “སོན་བཟང་ཁ་གསབ་སྟེར་ཤུགས་ཇེ་ཆེར་བཏང་ཐོག  ཁ་གསབ་ཚད་གཞི་མཐོར་འདེགས་དང་།  འབྲས་དང་གྲོ།  མ་རྨོས་ལོ་ཏོག་དང་།  སྲིང་བལ་བཅས་ལ་སོན་བཟང་ཁ་གསབ་མངོན་འགྱུར་བྱེད་རྒྱུ་དང་།  ཡུངས་དཀར་དང་སྲན་མའི་སོན་བཟང་གི་ཁ་གསབ་རྒྱ་ཆེར་གཏོང་རྒྱུ།  ཞིང་ལས་འཕྲུལ་ཆས་ཉོ་བ་ལ་ཁ་གསབ་ཇེ་མང་དུ་གཏོང་རྒྱུ།  སྔོན་ཐོན་དང་སྤྱོད་གོ་ཆེ་བ་དང་།  ལག་རྩལ་བྱང་ཆུབ་པ།  བདེ་འཇགས་བློ་རྟོན།  ནུས་ཁུངས་གྲོན་ཆུང་།  ཡུལ་འཁོར་སྲུང་སྐྱོང་།  ཞབས་ཕྱི་ཐུབ་པའི་ཞིང་ལས་འཕྲུལ་ཆས་དེ་ཁ་གསབ་ཀྱི་དཀར་ཆག་ནང་དུ་འཇོག་རྒྱུ།  ཁ་གསབ་བྱེད་རྒྱ་རྒྱལ་ཡོངས་ཀྱི་ཞིང་ཕྱུགས་ལས་རྫོང(ར)དུ་ཁྱབ་པར་བཅུག་ནས།  ཞིང་ལས་འཕྲུལ་ཆས་ཁྱབ་གདལ་དང་ཞིང་ལས་འཕྲུལ་ཆས་བཟོ་ལས་གོང་འཕེལ་གྱི་སྣེ་ཁྲིད་བྱེད་རྒྱུ།  ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་གཏོང་ཤུགས་ཇེ་ཆེར་བཏང་ཐོག  ཁ་གསབ་ཀྱི་འགུལ་བའི་ལེགས་སྒྲིག་གི་ནང་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་དང་།  ཞིང་ལས་ཐོན་སྐྱེད་ཀྱི་མ་རྩ་དང་ཡོང་སྒོའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱས་ཏེ།  ཞིང་ལས་རྒྱུ་ཆའི་རིན་གོང་འཕར་ཚད་དང་ཞིང་ལས་ལོ་ཏོག་གི་བཏབ་རྒྱ་དངོས་གཞིར་བཟུང་ནས།  དུས་ཐོག་ཏུ་ཁ་གསབ་རྒྱ་ཆེར་གཏོང་རྒྱུ།

རྒྱལ་ཁབ་ཀྱི་ནོར་སྲིད་ནུས་པས་ཚོད་བཟུང་ཡོད་པའི་དབང་གིས།  རང་རྒྱལ་གྱི་མིག་སྔའི་ཞིང་ལས་ཁ་གསབ་ཀྱི་དམིགས་འབེན་ནི་ཐོན་ལས་གོང་དུ་འཕེལ་བ་ལ་སྐུལ་ལྕག་གཏོང་རྒྱུ་དེ་ཡིན།  མིག་སྔར་གཙོ་བོ་འབྲུ་རིགས་ཐོན་ལས་གོང་དུ་འཕེལ་བར་སྐུལ་ལྕག་གཏོང་རྒྱུ་དང་།  དེ་ཡང་ཡིག་ཆ་ལས།  “དམིགས་འབེན་གསལ་པོ་ཡིན་པ།  སྟབས་བདེ་ཞིང་ཕན་ཆེ་བ།  འབྲུ་རིགས་ཐོན་སྐྱེད་ལ་སྐུལ་སློང་བྱེད་ཐུབ་པའི་བླང་བྱ་ལྟར།  ཞིང་ལས་ཁ་གསབ་བྱ་ཐབས་འཐུས་ཚང་དུ་གཏོང་དགོས”ཞེས་པའི་བླང་བྱ་བཏོན་ཀྱང་།  འབྲུ་རིགས་འདེབས་རྒྱུ་དེ་ཞིང་ལས་ལོ་ཏོག་འདེབས་རྒྱ་ཡོངས་ཀྱི70%ཟིན་ལ་ཉེ།  སྤྱི་ནས་བཤད་ན།  ཞིང་པ་མང་ཆེ་བ་ལ་རྒྱལ་ཁབ་ནོར་སྲིད་ནས་ཕན་ཡོན་འཐོབ་ཐུབ་པ་རེད།


མཉམ་སྤྱོད།