དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“ལྐོག་གསབ”ཅེས་པའི་འབྲུ་རིགས་ཀྱི་མ་མཐའི་སྡུད་གོང་དེ་ད་ལྟ་ཡོད་དམ་མེད།

2024-10-12 09:14:29   |   402

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

འབྲུ་རིགས་ཀྱི་མ་མཐའི་སྡུད་གོང་དེ་ནི“སྲུང་སྐྱོབ་རིན་གོང”གིས་ཞིང་པའི་འབྲུ་རིགས་སྡུད་པ་དེ་ཡིན་པ་དང་།  བར་བརྒྱུད་ཀྱིས་ཞིང་པ་ལ་ཁ་གསབ་བྱེད་པས།  ལྐོག་གསབ་ཀྱི་བྱ་ཐབས་ཡིན་ཟེར་བའོ།  འབྲུ་རིགས་ཐད་ཀར་ཁ་གསབ་དེས་འབྲུ་རིགས་མ་མཐའི་རིན་གོང་ཞེས་པའི་ཁ་གསབ་འདིའི་ཚབ་བྱས་པ་ཡིན་ནམ་ཟེར་ན།  དེ་ནི་མ་ཡིན་ནོ།  ཁ་གསབ་བྱེད་སྟངས་འདི་གཉིས་ཀྱིས་ཐ་དད་དུ་ནུས་པ་བཏོན་དང་འདོན་བཞིན་ཡོད།  ཞིང་པའི་འབྲུ་རིགས་དེ་རིན་གོང་ཅུང་བཟང་བའི་སྒོ་ནས་རྒྱལ་ཁབ་ལ་བཙོང་བ་ཁག་ཐེག་བྱས་པས།  འབྲུ་འདེབས་བརྩོན་སེམས་སྐུལ་སློང་བྱེད་ཐུབ་པར་གྱུར།  2008ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོས་བསྟན་དོན།  མུ་མཐུད་དུ་ས་ཁུལ་གཙོ་བོ་དང་འབྲུ་རིགས་གཙོ་བོ་ལ་མ་མཐའི་རིན་གོང་ལྟར་སྡུད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ།  དེའི་ཕྱིར།  རང་རྒྱལ་ལ་ལོ་ཉེ་ཆར་འབྲུ་རིགས་ལ་མ་མཐའི་རིན་གོང་ལྟར་སྡུད་པ་དེ་མུ་བཞིན་བར་བརྒྱུད་ཀྱིས་ཞིང་པ་ལ་ཁ་གསབ་བྱེད་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་མ་ཟད།  ད་དུང་མ་མཐའི་སྡུད་གོང་ལ་རེ་བཞིན་ཡར་འཕར་བའི་གནས་ཚུལ་བྱུང་།

2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ལས།  “རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཐོན་རྫས་ཚོང་རའི་འགྱུར་ལྡོག་ལ་ཉེ་བར་བསྙེན་ནས་དུས་ཐོག་ཏུ་སྲིད་གཞུང་གི་སྙོམ་སྒྲིག་ཚོད་འཛིན་ལ་ཤུགས་སྣོན་བྱས་ཐོག བྱ་ཐབས་མང་པོ་སྟབས་བསྟུན་གྱིས་བེད་སྤྱོད་བྱས་ནས།  ཞིང་ལས་ཐོན་རྫས་ཀྱི་རིན་གོང་མར་མི་འབབ་པ་བརྩོན་ལེན་བྱེད་པ་དང་།  འབྲུ་གོང་དམའ་བས་ཞིང་པ་ལ་གནོད་ཐེབས་པ་སྔོན་འགོག་བྱེད་པ།  ཞིང་ལས་བདག་གཉེར་གྱི་ཡོང་སྒོ་བརྟན་བརླིང་ངང་གོང་དུ་འཕར་བ་འགན་སྲུང་བྱེད་དགོས།  2009ལོར་མུ་མཐུད་དུ་འབྲུ་རིགས་ཀྱི་མ་མཐའི་སྡུད་གོང་མཐོར་འདེགས་སུ་གཏོང་རྒྱུ”ཞེས་པའི་བླང་བྱ་བཏོན།

འབྲུ་གོང་ནི་རིན་གོང་མ་ལག་གི་རྨང་གཞི་ཡིན་པས།  འབྲུ་གོང་མར་བབས་ན།  འབྲུ་རིགས་མུ་མཐུད་བརྟན་བརླིང་ངང་ཐོན་འཕེལ་འབྱུང་བར་བྱེད་པ་དང་།  རྒྱལ་ནང་འབྲུ་རིགས་མཁོ་སྤྲོད་དང་རིན་གོང་མ་ལག་ཕལ་ཆེར་བརྟན་པོ་གཏོང་བ་ལ་དཀའ་ངལ་ཇེ་ཆེར་གྱུར།  དེའི་ཕྱིར།  ངེས་པར་དུ་འབྲུ་རིགས་ཀྱི་མ་མཐའི་སྡུད་གོང་མཐོར་འདེགས་སུ་བཏང་ནས།  འབྲུ་འདེབས་ཞིང་པའི་ཡོང་སྒོ་དང་རིན་གོང་མ་ལག་གི་གཞི་རྩའི་གཏན་འཇགས་ཁག་ཐེག་བྱེད་དགོས།  རྒྱལ་ཁབ་གོང་འཕེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན།  2009ལོར་འབྲུ་རིགས་གསར་པ་ཚོང་ར་རུ་ཐོན་པས།  འབྲུ་རིགས་ཀྱི་མ་མཐའི་སྡུད་གོང་ཡར་འཕར་ཆེན་པོ་འབྱུང་བ་རེད།  དེའི་ཁྲོད་དུ།  གྲོ་དཀར་དང་གྲོ་དམར་དང་།  ལྷན་འདྲེས་གྲོ་རྒྱ་མ་གང་གི་སྡུད་གོང་ཐ་དད་དུ2008ལོ་ལས13%དང་།  15%དང་།  15.3%མཐོར་འདེགས་བྱུང་། 


མཉམ་སྤྱོད།