དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་འབྲུ་རིགས་ཀྱི་ཐད་ཀར་ཁ་གསབ་ཟེར།

2024-10-11 08:39:54   |   714

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

འབྲུ་རིགས་ཀྱི་ཐད་ཀར་ཁ་གསབ་ཅེས་པ་ནི།  སྲིད་གཞུང་གིས་ཞིང་པ་སྲུང་སྐྱོབ་བྱེད་པའི་ནོར་སྲིད་མ་དངུལ་དེ་ཞིང་པར་སྤྲོད་པ་སྟེ།  དེ་ཡང་རྒྱལ་ཁབ་ཀྱིས་འབྲུ་རིགས་ཁེ་ལས་ཀྱིས“སྲུང་སྐྱོབ་རིན་གོང”ལྟར་ཞིང་པའི་འབྲུ་རིགས་སྡུད་པ་དང་བརྒྱུད་ནས་ལྐོག་ཏུ་ཞིང་པར་ཁ་གསབ་བྱེད་སྟངས་དེ་སྲུང་སྐྱོབ་རིན་གོང་དང་ཚོང་ར་རིན་གོང་བར་གྱི་རིན་ཆད་དངུལ་ཐད་ཀར་ཞིང་པར་སྟེར་བར་བསྒྱུར་བ་དང་།  ཐོག་མའི“ལྐོག་གསབ་བྱེད་པ”དེ“མངོན་གསབ་བྱེད་པར་བསྒྱུར”བ་དེར་ཟེར།  “ཐད་ཀར་ཁ་གསབ”ཀྱི་ལག་བསྟར་བྱ་ཐབས་དེ་མདོར་བསྡུས་ནས་བཤད་ན།  རྫོང་སྡེ་ཚན་བྱས་ནས་ཁྲལ་འཇལ་བའི་ལོ་རྒྱུན་གྱི་ཐོན་གྲངས་དེ་ཁ་གསབ་བྱེད་པའི་གཞིར་འཛིན་ས་བྱས་ཐོག  ལོ་རྒྱུན་གྱི་ཚོང་རྫས་འབྲུ་རིགས་གྲངས་ཀ་ཞིབ་རྩིས་བྱས་ནས་འབྲུ་རིགས(གྲོ་དང་།  འབྲས་དང་།  མ་རྨོས་ལོ་ཏོག)ཀྱི་ལོ་རྒྱུན་གྱི་ཐོན་ཚད་དང་ཚོང་རྫས་འབྲུ་རིགས་ཟུང་དུ་འབྲེལ་ནས་འབྲུ་རྒྱ་མ་གང་གི་ཁ་གསབ་སྒོར་མོ་བརྩིས་པ་དང་།  ཡང་ན“ཚོང་རྫས་འབྲུ་རིགས་ཀྱི་རྟག་གྲངས”བརྩིས་རྗེས།  ཞིང་པའི་ཚོང་རྫས་འབྲུ་རིགས་གྲངས་ཀ་དང་རྒྱ་མ་རེའི་ཁ་གསབ་སྒོར་མོ་གཉིས་སྒྱུར་རྩིས་བྱས་པའི་སྒོར་མོ་དེ་ཞང་ནོར་སྲིད་ཀྱིས་ཞིང་པ་ལ་དངོས་སུ་སྟེར་བ་ཡིན།

རང་རྒྱལ་གྱི་འབྲུ་རིགས་ཀྱི་ཐད་ཀར་ཁ་གསབ་ལ་འབྲུ་འདེབས་ཁ་གསབ་ཀྱང་ཟེར།  ད་ལྟ་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་བྱུང་།  2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ལས།  “ལོ་སྔོན་མར་ཁ་གསབ་འཕར་བ་ཆེ་བའི་རྨང་གཞིའི་ཐོག་ཁ་གསབ་མ་དངུལ་སྔར་ལས་ཇེ་མང་དུ་བཏང་ནས་འབྲུ་འདེབས་ཞིང་པའི་ཐད་ཀར་ཁ་གསབ་ཇེ་མང་དུ་གཏོང་རྒྱུ”ཞེས་པའི་བླང་བྱ་བཏོན།  ད་ཕྱིན་གྱི་འཕེལ་ཕྱོགས་ལ་བལྟས་ན།  འབྲུ་འདེབས་ཞིང་པ་ལ་འབྲུ་རིགས་ཀྱི་ཐད་ཀར་ཁ་གསབ་ཉིན་རེ་ལས་ཇེ་མང་དུ་འགྲོ་ངེས་སོ།


མཉམ་སྤྱོད།