དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རང་རྒྱལ་གྱི2010ལོ་དང2020ལོའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དམིགས་འབེན་ནི་ཅི་ཞིག་ཡིན།

2024-10-09 15:06:24   |   207

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཐོག་མར། འབྲུ་རིགས་ཀྱི་འདེབས་རྒྱ་བརྟན་བརླིང་དུ་གཏོང་དགོས། 2020ལོར་ཐོན་ཚེ། འདེབས་ཞིང་ཡོད་ཚད་མུའུ་དུང་ཕྱུར18ལས་དམའ་བར་མི་འཇུག་པ་དང་། རྩ་བའི་ས་ཞིང་གི་གྲངས་ཀ་ཇེ་ཉུང་དུ་འགྲོ་བར་མི་འཇུག་པར་རྒྱུ་སྤུས་མཐོར་འདེགསའབྱུང་བར་འཇུག་རྒྱུ། རྒྱལ་ཡོངས་ཀྱི་སྙེ་ཅན་ལོ་ཏོག་གི་འདེབས་རྒྱ་མུའུ་དུང་ཕྱུར12.6ཡན་གཏན་སྲུང་བྱེད་རྒྱུ། དེའི་ཁྲོད་དུ་འབྲས་སོབ་ཀྱི་འདེབས་རྒྱ་མུའུ་དུང་ཕྱུར4.5ཡས་མས་སུ་གཏན་སྲུང་བྱེད་རྒྱུ། འབྲུ་རིགས་ཐོན་སྐྱེད་འགན་སྲུང་བྱས་པའི་རྨང་གཞིའི་ཐོག་ཡུངས་དཀར་དང་བ་དམ་སོགས་གཡིས་རྒྱུའི་འདེབས་རྒྱ་སླར་དུ་མུའུ་དུང་ཕྱུར1.8དུ་འཐོན་པར་བརྩོན་ལེན་བྱེད་རྒྱུ།

微信截图_20241009150459.png

བར་དུ། འབྲུ་རིགས་སོགས་ཁ་ཟས་དངོས་པོ་གལ་ཆེན་ཕལ་ཆེར་རང་མཁོ་རང་སྤྲོད་བྱེད་ཐུབ་པ་འགན་སྲུང་བྱེད་རྒྱུ། འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཐུབ་ཚད95%ཡན་དུ་སླེབས་པ་བརྟན་བརླིང་དུ་བཏང་ཐོག 2010ལོའི་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དེ་རྒྱ་མ་དུང་ཕྱུར5000ཡན་དུ་སླེབ་པ་བརྟན་བརླིང་དུ་གཏོང་རྒྱུ་དང་། 2020ལོར་རྒྱ་མ་དུང་ཕྱུར5400ཡན་དུ་སླེབས་པར་འཇུག་རྒྱུ། དེའི་ནང་དུ་འབྲས་སོབ་དང་གྲོ་དག་གི་རང་མཁོ་རང་སྤྲོད་བྱེད་ཐུབ་པ་རྒྱུན་སྲུང་བྱེད་རྒྱུ་དང། མ་རྨོས་ལོ་ཏོག་ཕལ་ཆེར་རང་མཁོ་རང་སྤྲོད་བྱེད་ཐུབ་པ། ཕྱུགས་བྱའི་ཐོན་རྫས་དང་ཆུ་ལས་ཐོན་རྫས་སོགས་ཐོན་རིགས་གལ་ཆེན་ཕལ་ཆེར་རང་མཁོ་རང་སྤྲོད་ཐུབ་པར་བྱེད་རྒྱུ།

བསྐྱར་དུ། འབྲུ་རིགས་གྲབས་གཤོམ་ཆུ་ཚད་འོས་འཚམ་ཞིག་སྲུང་འཛིན་བྱེད་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་འབྲུ་རིགས་གྲབས་གཤོམ་དེ་འོས་ཤིང་འཚམ་པའི་རྒྱ་ཁྱོན་ཆུ་ཚད་ཅིག་སྲུང་འཛིན་བྱེད་རྒྱུ། མཛོད་ཡོད་འབྲུ་རིགས་ཀྱི་སྣ་ཁ་འོས་ཤིང་མཐུན་པ་དང་། གྲོ་འབྲས་ཀྱི་སྡུར་ཚད70%ལས་དམའ་མི་རུང་བར་བྱེད་རྒྱུ།

མཐའ་མར། “སིལ་བཞི་ཅན”ཞེས་པའི་འབྲུ་རིགས་རྒྱུན་འཁོར་མ་ལག་འཐུས་ཚང་དུ་འཛུགས་རྒྱུ། སིལ་བླུག་དང་སིལ་ལེན་དང་། སིལ་འཇོག་དང་། སིལ་སྐྱེལ་ཞེས་བྱ་བའི“སིལ་བཞི་ཅན”གྱི་ཁྱད་ཆོས་ལྡན་པའི་འབྲུ་རིགས་ཀྱི་དེང་རབས་རྒྱུན་འཁོར་མ་ལག་གོང་འཕེལ་ཇེ་མགྱོགས་སུ་བཏང་ཐོག རྒྱུན་འཁོར་གྱི་མ་རྩ་ཇེ་ཉུང་དང་འབྲུ་རིགས་རྒྱུན་འཁོར་ཕན་འབྲས་མཐོར་འདེགས་སུ་གཏོང་རྒྱུ། 2010ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཀྱི“སིལ་བཞི་ཅན”གྱི་སྡུར་ཚད30%འཐོན་པར་འཇུག་རྒྱུ། 2020ལོར55%འཐོན་པར་འཇུག་རྒྱུ།


མཉམ་སྤྱོད།