དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲུ་རིགས་བདག་གཉེར་པ་ཞིག་ལ་ཆ་རྐྱེན་གང་དག་འཛོམ་དགོས།

2024-10-17 08:37:02   |   968

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

འབྲུ་རིགས་སྡུད་ཉོ་བྱེད་མཁན་ལ་གཤམ་གྱི་ཆ་རྐྱེན་འཛོམ་དགོས་ཏེ།

(1)བདག་གཉེར་དུ་མཁོ་བའི་མ་དངུལ་གྲབས་གཤོམ་ནུས་པ་འཛོམ་དགོས།

(2)རང་ལ་འབྲུ་མཛོད་ཁང་ངམ་ཡང་ན་གླས་པའི་འབྲུ་མཛོད་ཁང་ཡོད་དགོས།

(3)འབྲུ་རིགས་རྒྱུ་སྤུས་ཞིབ་དཔྱད་དང་བདག་གཉེར་ནུས་པ་ལྡན་པ།  གཞན་ཡང་འབྲུ་རིགས་སྡུད་ཉོའི་ཐོབ་ཐང་ཡོད་དགོས་པ་མ་ཟད།  ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་གཉེར་ཐོ་འགོད་དོ་དམ་སྲོལ་ཡིག》གི་གཏན་འབེབས་ལྟར།  ཐོ་འགོད་བྱས་པའི་བདག་གཉེར་པས་ད་གཟོད་འབྲུ་རིགས་སྡུད་ཉོ་བྱ་འགུལསྤེལ་ཆོག

འབྲུ་རིགས་སིལ་འཚོང་དང་མཛོད་འཇོག  སྐྱེལ་འདྲེན།  ལས་སྣོན།  རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་སོགས་བདག་གཉེར་བྱ་འགུལ་སྤེལ་བའི་འབྲུ་རིགས་བདག་གཉེར་པས་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་སུ་ཐོ་འགོད་བྱེད་དགོས།  འབྲུ་རིགས་བདག་གཉེར་པའི་འབྲུ་མཛོད་སྒྲིག་བཀོད་ལ་འབྲུ་རིགས་མཛོད་འཇོག་གི་འབྲེལ་ཡོད་ཚད་གཞི་དང་ལག་རྩལ་གྱི་ཚད་ལྡན་བླང་བྱ་དང་མཐུན་དགོས།  འབྲུ་རིགས་དེ་འབྲུ་རིགས་ལ་སྦགས་བཙོག་འགོས་པའི་དངོས་པོ་དང་མཉམ་དུ་བསྲེས་འཇོག་བྱེད་མི་ཆོག  འབྲུ་རིགས་གསོག་འཇོག་བྱེད་ན།  རྒྱལ་ཁབ་ཀྱིས་སྤྱོད་མི་ཆོག་ཟེར་བའི་རྫས་འགྱུར་སྨན་རྫས་སམ།  ཡང་ན་ཚད་ལས་བརྒལ་ནས་རྫས་འགྱུར་སྨན་རྫས་གཏན་ནས་བཀོལ་མི་ཚོག


མཉམ་སྤྱོད།