དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲུ་རིགས་སྡུད་ཉོ་མཁན་གྱིས་འབྲུ་རིགས་སྡུད་ཉོ་བྱེད་པའི་ཁྲོད་རྩ་དོན་གང་དག་བརྩི་སྲུང་བྱེད་དགོས།

2024-10-21 08:50:19   |   967

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

འབྲུ་རིགས་སྡུད་ཉོ་མཁན་གྱིས་འབྲུ་རིགས་སྡུད་ཉོ་ཁྲོད་བསྒྲུབ་དགོས་པ་གཤམ་གསལ།

(1)རྒྱལ་ཁབ་ཀྱི་འབྲུ་རིགས་རྒྱུ་སྤུས་ཚད་གཞི་ལག་བསྟར་བྱེད་དགོས་པ་དང་།  རྒྱུ་སྤུས་ལྟར་འབྲུ་གོང་གཅོད་པ།  ཞིང་པ་དང་འབྲུ་རིགས་ཐོན་སྐྱེད་བྱེད་མཁན་གཞན་པའི་ཁེ་ཕན་ལ་གནོད་བགྱི་མི་ཆོག

(2)འབྲུ་བཙོངས་པ་ལ་དུས་ཐོག་ཏུ་འབྲུ་རིན་སྟེར་དགོས།  

(3)རྩ་འཛུགས་གང་རུང་དང་མི་སྒེར་གང་རུང་གིས་བཅོལ་བ་དང་ལེན་བྱས་ནས་སྒོར་མོ་འཐེན་མི་ཆོག་པ་དང་།  ཁྲལ་གང་རུང་དང་གྲོན་དངུལ་གང་རུང་།  ཡང་ན་གཞན་གྱི་འགྲོ་སྒོ་དག་ཚབ་བྱས་ནས་འཐེན་མི་ཆོག་ལ་སྤྲོད་ཀྱང་མི་ཆོག

(4)འབྲུ་རིགས་སྡུད་ཉོ་བྱེད་ས་ནས་འབྲུ་རིགས་བཙོང་བ་ལ་འབྲུ་རིགས་ཀྱི་རིགས་དང་སྤུས་ཀའི་ཚད་གཞི།  སྡུད་ཉོའི་རིན་གོང་སོགས་མངོན་སུམ་དུ་བསྒྲག་དགོས། 

5)སྡུད་ཉོ་བྱེད་སའི་རྫོང་མི་དམངས་སྲིད་གཞུང་གི་འབྲུ་རིགས་སྲིད་འཛིན་དོ་དམ་ལས་ཁུངས་ལ་དུས་བཅད་ལྟར་འབྲུ་རིགས་ཉོས་པའི་གྲངས་ཀ་ལ་སོགས་པའི་གནས་ཚུལ་ཞུ་འབུལ་བྱེདགོས།


མཉམ་སྤྱོད།