དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དངུལ་ལོར་ལས་ཁུངས་ཀྱིས་ཞིང་སྡེ་དངུལ་ལོར་ཐོན་རྫས་དང་དངུལ་ལོར་ཞབས་ཕྱི་གསར་སྐྲུན་བྱེད་པ་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱེད་རྒྱུ།

2024-11-11 08:52:51   |   878

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཞིང་སྡེ་ས་ཁུལ་གྱི་དངུལ་ལོར་དགོས་མཁོ་རྒྱ་ཆེར་གྱུར་པ་ལ་བལྟས་ན། རང་རྒྱལ་གྱི་ཞིང་སྡེ་དངུལ་ལོར་ཐོན་རྫས་དང་ཞབས་ཕྱི་གསར་སྐྲུན་ཅུང་རྗེས་སུ་ལུས་ཡོད། ཞིང་སྡེ་ས་ཁུལ་གྱི་མ་དངུལ་བཀོལ་སྤྱོད་བྱེད་ཚད་མཐོར་འདེགས་སུ་གཏོང་ཆེད་དང་། ཞིང་སྡེ་ས་ཁུལ་གྱི་དངུལ་ལོར་ཐོན་རྫས་དང་ཞབས་ཕྱི་ཞུ་སྟངས་ཕུན་ཚོགས་སུ་གཏོང་ཆེད། 2009ལོའི་ཀྲུང་དབྱང་ཡིག་ཆ་དང་པོས་བསྟན་དོན། “དངུལ་ལོར་ལས་ཁུངས་ཀྱིས་ཞིང་སྡེ་དངུལ་ལོར་ཐོན་རྫས་དང་དངུལ་ལོར་ཞབས་ཕྱི་གསར་སྐྲུན་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས”ཞེས་སོ།

ལོ་ཉེ་ཆར་ས་གནས་སོ་སོའི་དངུལ་ལོར་ལས་ཁུངས་ཀྱིས་ཞབས་ཕྱི་འདོན་སྤྲོད་བྱེད་པའི་ཁྲོད་དུ་ཡིད་རྟོན་དངུལ་བུན་ཐོན་རྫས་འདྲ་མིན་གསར་སྐྲུན་བྱས། གཙོ་བོ་རིགས་གསུམ་ཡོད་དེ། དང་པོ་སྟབས་བདེ་ཅན་གྱི་གསར་སྐྲུན་ཐོན་རྫས་ཏེ། དཔེར་ན“མྱུར་སྐྱི་ཤར་གཏོང”དང་། རྩིས་ཐོ་སྔ་གཏོང་དང་། རྒྱུན་འཁོར་མ་དངུལ་འཁོར་སྐྱོད་དངུལ་བུན་དང་། གྲབས་གཤོམ་དངུལ་བུན་དང་། རྒྱལ་ནང་ཡིད་རྟོན་བདེན་དཔང་བྱེད་སྒོ། གློག་རྡུལ་དངུལ་འཛིན་དངུལ་བུན་སོགས་ལྟ་བུའོ། གཉིས་པ་འགན་ལེན་རིགས་ཀྱི་གསར་སྐྲུན་ཐོན་རྫས། གཙོ་བོ་ཚད་ལྡན་མཛོད་ཁང་འཛིན་ཡིག་གིས་གཏའ་མར་བཞག་པའི་དངུལ་བུན་དང་། ནང་འདྲེན་མཛོད་ཁང་འཛིན་ཡིག་གིས་གཏའ་མར་བཞག་པའི་དངུལ་བུན་དང་། རྒྱལ་ནང་ཉེན་འགོག་ཚབ་འཇལ་བྱེད་སྒོ་དང་། ཀ་ཅ་ཡིས་གཏའ་མར་བཞག་པའི་དངུལ་བུན་དང་། ནགས་དབང་གིས་གཏའ་མར་བཞག་པའི་དངུལ་བུན་དང་། བཅོལ་དངུལ་ཆུང་བས་གཏའ་མར་བཞག་པའི་དངུལ་བུན་སོགས་སོ། གསུམ་པ་མང་པོ་གཅིག་བསྲེས་རིགས་ཀྱི་གསར་སྐྲུན་ཐོན་རྫས། གཙོ་བོ་ད་ལྟའི་ཡིད་རྟོན་དངུལ་བུན་ཐོན་རྫས་དུ་མ་གཅིག་ཏུ་བསྲེས་ནས་དངུལ་སྐྱི་མཁན་ལ་ཐ་དད་རང་བཞིན་ཅན་གྱི་དངུལ་བུན་ཐོན་རྫས་འདོན་སྤྲོད་བྱེད་པའོ། གཞན་ཡང་ས་གནས་སོ་སོས་ད་དུང་ཞབས་ཕྱི་བྱ་ཡུལ་མི་འདྲ་བ་དང་བསྟུན་ནས་ཐོན་རྫས་དང་བྱེད་སྒོ་གསར་སྐྲུན་བྱས། དཔེར་ན། ཞིང་སྡེའི་དབུལ་ཕོངས་གང་ཟག་དང་ཡོང་སྒོ་ཉུང་བའི་གང་ཟག་ཚོགས་ལ་དམིགས་པའི་དབུལ་སྐྱོར་སྐྱེད་མེད་དངུལ་བུན་དང་། “བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་བྱེད་པའི”གྲངས་ཉུང་དབུལ་སྐྱོར་སྐྱེད་མེད་དངུལ་བུན་དང་། ཞིང་པ་ཁྱིམ་ཚང་གི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལྟ་བུ་དང་། ཞིང་ལས་མ་ཡིན་པ་དང་། སྒེར་གཉེར་བྱེད་པ་དང་། ཞིང་པས་བྱེད་སྒོ་གསར་སྤེལ་བཅས་བྱེད་པའི་ཞིང་པ་ཁྱིམ་ཚང་གི་ལས་སྐྱོར་དངུལ་བུན་དང་། “ཞིང་ཁྱིམ་སྐྱིད་པོ”ཡི་དངུལ་བུན། ཞིང་སྡེ་ན་གཞོན་གྱི་བྱེད་སྒོ་གསར་སྐྲུན་དངུལ་བུན། འདེབས་ཞིང་མེད་པར་གྱུར་པའི་ཞིང་པའི་བྱེད་སྒོ་གསར་སྤེལ་དངུལ་བུན་ལྟ་བུ་དང་། ཞིང་སྡེ་ཁེ་ལས་ལ་ཞབས་ཕྱི་ཞུ་བའི་ཁེ་ལས་ཆུང་གྲས་དངུལ་བུན་དང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འཁྲིད་ཁེ་ལས་དངུལ་བུན་དང་། ཞིང་ལས་ཚན་རྩལ་དངུལ་བུན་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དངུལ་བུན་དང་། སྡེ་བ་རིམ་པས་དཔལ་འབྱོར་གོང་འཕེལ་དུ་བཞག་པའི་ས་ཞིང་གསར་སྤེལ་དངུལ་བུན་དང། ནགས་དབང་གིས་གཏའ་མར་བཞག་པའི་དངུལ་བུན་སོགས་ལྟ་བུའོ།

ཀྲུང་གུང་ཀྲུང་དབྱང་གིས་བསྟན་དོན། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཐོག གྲངས་ཉུང་གི་ཡིད་རྟོན་དངུལ་བུན་གོང་འཕེལ་གཏོང་བར་ལ་ཤུགས་ཆེན་པོ་འབྱིན་དགོས་པ་དང་། ཞིང་སྡེའི་ཁྱད་ཆོས་དང་དགོས་མཁོ་དང་འཚམ་པའི་གྲངས་ཉུང་བའི་དངུལ་བུན་ཞབས་ཕྱི་སྣ་ཚོགས་གོང་འཕེལ་གཏོང་བར་སྐུལ་ལྕག་གཏོང་དགོས།


མཉམ་སྤྱོད།