དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེ་དངུལ་ལོར་རྩ་འཛུགས་རྣམ་པ་སྣ་ཚོགས་ཇི་ལྟར་གོང་འཕེལ་གཏོང་རྒྱུ།

2024-11-13 15:48:51   |   1094

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

མིག་སྔར། རང་རྒྱལ་ཞིང་སྡེ་ས་ཁུལ་གྱི་དངུལ་ལོར་དགོས་མཁོ་ནི་རིམ་པ་མང་པོ་ཞིག་ཡིན་ཏེ། བྱ་བའི་ཡུལ་ནས་བལྟས་ན། ཞིང་སྡེའི་རྨང་གཞི་སྒྲིག་བཀོད་ཀྱི་དངུལ་བུན་དགོས་མཁོ་ཡོད་ལ། ཁེ་ལས་ཀྱི་མ་དངུལ་རྒྱུན་འཁོར་དགོས་མཁོ་ཡང་ཡོད། ད་དུང་སྒེར་གཉེར་ཞིང་པའི་མ་དངུལ་དགོས་མཁོ་ཡང་ཡོད། བྱེད་སྒོ་ནས་བལྟས་ན། དངུལ་སྐྱི་བ་ཡོད་ལ། དངུལ་བཅོལ་བ་དང་དངུལ་བསྐུར་བ་བཅས་ཀྱི་བྱེད་སྒོ་ཡོད་ལ། ཉིན་འགོག་དང་མ་དངུལ་གཏོང་བའི་བྱེད་སྒོ་ཡང་ཡོད་། ད་དུང་དངུལ་ལོར་བློ་འདྲི་ཞབས་ཕྱི་བྱེད་སྒོ་ཡང་ཡོད། རིམ་པ་མང་བའི་དངུལ་ལོར་དགོས་མཁོ་ལ་རྣམ་པ་སྣ་ཚོགས་ཀྱི་དངུལ་ལོར་ཞབས་ཕྱི་མ་ལག་གིས་རྒྱབ་སྐྱོར་བྱེད་དགོས།

2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོས་ནན་བཤད་མཛད་པ་སྟེ། རྣམ་པ་སྣ་ཚོགས་ཀྱི་ཞིང་སྡེ་དངུལ་ལོར་རྩ་འཛུགས་གསར་པ་དང་ཞིང་སྡེར་ཞབས་ཕྱི་ཞུ་བ་གཙོ་ཡིན་པའི་ས་ཁུལ་རང་བཞིན་གྱི་དངུལ་ཁང་ཆུང་འབྲིང་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། ཚོང་རའི་ནང་ཞུགས་པའི་ཚད་གཞི་མུ་ནས་གུ་ཡངས་སུ་བཏང་ནས། འགྲན་རྩོད་འོས་འཚམ་བྱེད་ཐུབ་པའི་ཞིང་སྡེ་དངུལ་ལོར་ཚོང་ར་གསོ་སྐྱོང་བྱེད་དགོས། བྱེ་བྲག་ཏུ་བཤད་ན་གཤམ་གྱི་དོན་ཚན་བཞི་འདུས་ཡོད་དེ། དང་པོ་ད་ཡོད་ས་གནས་རང་བཞིན་གྱི་ཚོང་ལས་དངུལ་ཁང་གིས་ཞིང་སྡེ་ས་ཁུལ་ལ་ཞབས་ཕྱི་འདོན་པར་སྐུལ་ལྕག་གཏོང་དགོས།  གཉིས་པ་རྣམ་པ་སྣ་ཚོགས་དང་། ཞིང་སྡེའི་དཔལ་འབྱོར་དང་ཞིང་ལས་གོང་འཕེལ་དང་། ཞིང་པའི་དགོས་མཁོ་དང་འཚམ་པའི་ཞིང་སྡེ་དངུལ་ལོར་ལས་ཁུངས་གསར་གྲས་དང་། ཞིང་སྡེ་ས་ཁུལ་ལ་ཞབས་ཕྱི་ཞུ་བ་གཙོ་ཡིན་པའི་སྤྱི་ཚོགས་ཀྱི་ཡུལ་འཁོར་རང་བཞིན་གྱི་དངུལ་ཁང་ཆུང་འབྲིང་ཚད་ལྡན་གོང་འཕེལ་གཏོང་བར་སྐུལ་ལྕག་བྱེད་དགོས། གསུམ་པ་ཐོན་དབང་འབྲེལ་བ་གསལ་པོ་ཡིན་པ་དང་རྩ་འཛུགས་ཀྱི་རྣམ་པ་མང་བའི་རྩ་དོན་གྱི་རྨང་གཞི་ཐོག གྲངས་ཉུང་བའི་ཡིད་རྟོན་དངུལ་བུན་རྩ་འཛུགས་དང་། སྡེ་བའམ་གྲོང་རྡལ་དངུལ་ཁང་དང་། དངུལ་བུན་གྱི་ཡན་ལག་སྤྱི་གཉེར་ཁང་དང་། ཞིང་སྡེ་མ་དངུལ་ཕན་ཚུན་རོགས་ལས་ཁང་སོགས་ཞིང་སྡེ་དངུལ་ལོར་ལས་ཁུངས་གསར་གྲས་གོང་འཕེལ་ཆེན་པོ་གཏོང་དགོས། བཞི་པ་ཆ་རྐྱེན་འཛོམས་པའི་ཞིང་པ་ཆེད་ལས་མཉམ་ལས་ཁང་གིས་ཡིད་རྟོན་མཉམ་ལས་སྤེལ་ཆོག ལྔ་པ“དངུལ་བུན་གཏོང་མཁན་གྱི་སྲོལ་ཡིག”བཟོ་འགོད་མགྱོགས་པོ་བྱས་ནས། བཅོལ་དངུལ་སྡུད་ལེན་མ་བྱས་པར་དངུལ་བུན་གཏོང་མཁན་གྱི་བཅའ་ཁྲིམས་གོ་གནས་གསལ་པོར་འབྱེད་དགོས་པ་དང་། དམངས་ཁྲོད་ཀྱི་དངུལ་ལོར་དེ་ཞིང་སྡེ་དངུལ་ལོར་ཚོང་རའི་ནང་དུ་འགྲན་རྩོད་པ་གཙོ་བོར་འགྱུར་དུ་འཇུག་དགོས།


མཉམ་སྤྱོད།