དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ཞིང་སྡེའི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ཟེར།

2024-11-14 15:34:27   |   846

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ཞེས་པ་ནི། དངུལ་ལོར་ལས་ཁུངས་ཀྱིས་དངོས་པོ་ཉོ་མཁན་ལ་འདོན་སྤྲོད་བྱས་པའི་ཡིད་རྟོན་དངུལ་བུན་གྱི་རིགས་ཞིག་ལ་སྟོན་པའོ། འཛད་སྤྱོད་པའི་དངོས་པོ་ཉོ་སྟོབས་དེ་དངུལ་བུན་གཏོང་བའི་རྨང་གཞིར་བྱེད་པ་དང་། དམིགས་ཡུལ་ནི་དངུལ་བུན་གྱི་རྣམ་པ་བརྒྱུད་ནས་རྒྱང་རིང་གི་འཛད་སྤྱོད་དུ་འགྲོ་སྒོ་སྔོན་གཏོང་བྱས་ནས་གང་ཟག་གི་འཛད་སྤྱོད་ལ་སྐུལ་མ་གཏོང་བའམ། ཡང་ན་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བར་བྱེད་པ་དེ་ཡིན། མདོར་བསྡུས་ནས་བཤད་ན། ཞིང་སྡེའི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ཞེས་པ་ནི་ཞིང་པའི་འཛད་སྤྱོད་དགོས་མཁོ་སྐོང་བའི་དངུལ་བུན་ཡིན།  དེའི་ནང་དུ། ཡིད་རྟོན་ཡིག་བྱང་ནས་དངུལ་བུན་སྔ་གཏོང་དང་། སྡོང་ཁང་དངུལ་བུན་དང་། རླངས་འཁོར་དངུལ་བུན་སོགས་འདུས་ཡོད། 1998ལོར་ནས་བཟུང་། ནང་མཁོ་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱེད་ཆེད། རང་རྒྱལ་ཚོང་ལས་དངུལ་ཁང་གིས་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་བྱེད་སྒོ་རྒྱ་ཆེར་སྤེལ་མགོ་བརྩམས། ད་ལྟར་སྒྲུབ་བཞིན་པའི་འཛད་སྤྱོད་དངུལ་བུན་ལ་གཙོ་བོ་སྡོད་ཁང་དངུལ་བུན་དང་རླངས་འཁོར་དངུལ་བུན་དང་། ཁྱིམ་སྤྱོད་གློག་ཆས་དངུལ་བུན་དང་། སྤྱོད་ཤན་ཆེ་བའི་འཛད་རྫས་དངུལ་བུན་དང་། སློབ་ཞུགས་རོགས་རམ་དངུལ་བུན་སོགས་ཡོད།


མཉམ་སྤྱོད།