དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞིང་སྡེའི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ཚོང་ར་རྒྱ་ཆེར་ཇི་ལྟར་གཏོང་རྒྱུ།

2024-11-15 09:12:39   |   224

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

དངུལ་ལོར་ལས་ཁུངས་ཀྱིས་ཞིང་སྡེའི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་བྱེད་སྒོ་དེ་ཡིད་རྟོན་དངུལ་བུན་བྱེད་སྒོ་གསར་པ་ཡོངས་ཀྱི་འཕར་ས་ཞིག་བྱེད་དགོས། ཞིང་སྡེའི་འཛད་སྤྱོད་ཀྱི་དངུལ་བུན་གྱི་རྣམ་པ་གསར་གཏོད་ཀྱི་ཕྱོགས་ནས། ཞིང་ལས་ཐོན་སྐྱེད་ལ་མཁོ་བའི་འཛད་སྤྱོད་དངུལ་བུན་དེ་ཧུར་བརྩོན་དུ་བསྒྲུབ་དགོས་པ་དང་། ཞིང་པས་འཁྱགས་སྒམ་དང་ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་དང་། གློག་ཀླད་སོགས་མཐོ་འབྲིང་སྤྱོད་ཤན་ཆེ་བའི་འཛད་རྫས་ཉོ་བ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། ཞིང་པའི་བུ་བུ་མོའི་མཐོ་རིམ་སློབ་གསོ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས། ཞིང་སྡེའི་ཁང་པ་ཉོ་སྐྲུན་ཐད་ལ་དངུལ་བུན་གཏོང་བར་འབད་པ་བྱེད་དགོས།  

དེ་དང་ཆབས་ཅིག་ཏུ། ཞིང་སྡེའི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་བྱེད་སྒོ་རྒྱ་ཆེར་གཏོང་ན། ད་དུང་ཞིང་པའི་འཛད་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ཞིང་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱས་ནས་ཞིང་སྡེའི་འཛད་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཞིང་པའི་འཛད་སྤྱོད་འགྲོ་སྒོའི་དམིགས་པའི་འདུན་པ་ལེགས་སྒྱུར་བྱས་ནས་ཞིང་པས་དེང་རབས་འཛད་སྤྱོད་ལྟ་བ་བཅང་བར་སྐུལ་མ་གཏོང་བ་དང་། སྲོལ་རྒྱུན་ལ་ཞེན་པའི་འཛད་སྤྱོད་འདུ་ཤེས་བསྒྱུར་ནས་དེང་རབས་འཛད་སྤྱོད་འདུ་ཤེས་ཀྱི་ངོས་ལེན་ཆུ་ཚད་ཇེ་མཐོར་གཏོང་དགོས།  ཞིང་སྡེར་རྒན་གསོ་འགན་སྲུང་ལམ་ལུགས་དང་། ཞིང་པའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས། མཉམ་ལས་སྨན་བཅོས་ལམ་ལུགས་སོགས་མྱུར་བ་མྱུར་བར་འཛུགས་པ་བཅས་བྱས་ནས་རིམ་གྱིས་ཞིང་སྡེ་ཡོངས་ཀྱི་འཛད་སྤྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

ཞིང་སྡེ་ལ་དངུལ་ལོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཐོག དེ་བས་མང་བའི་ཡིད་རྟོན་དངུལ་བུན་མ་དངུལ་ཞིང་སྡེར་འཇོག་པར་སྣེ་ཁྲིད་བྱེད་དགོས།

ཞིང་ལས་དངུལ་ཁང་གིས་ཞིང་གསུམ་ལ་ཞབས་ཕྱི་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཞིང་སྐྱོར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། སྦྲག་སྲིད་དངུལ་བཅོལ་དངུལ་ཁང་གི་ཞིང་འབྲེལ་བྱེད་སྒོ་རྒྱ་ཆེར་གཏོང་བ། ཞིང་སྡེ་ཡིད་རྟོན་ཁང་གིས་ཞིང་པར་ཞབས་ཕྱི་ཞུ་བའི་གཙོ་ཤུགས་དམག་དཔུང་ལྟ་བུའི་སྟོབས་ཤུགས་ནུས་པ་འདོན་སྤེལ་བྱེད་དགོས། རྫོང་ནང་ཁུལ་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་གསར་དུ་བསྡུས་པའི་བཅོལ་དངུལ་དེ་གཙོ་བོ་ས་དེ་ག་ལ་དངུལ་བུན་གཏོང་དགོས། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་སོ་སོ་ཚང་མ་དེའི་ནང་དུ་ཞུགས་པ། ཚོང་ར་ལྟར་སྒྲུབ་པའི་ཞིང་སྡེ་ཡིད་རྟོན་དངུལ་བུན་འགན་ལེན་ནང་རྐྱེན་འཛུགས་དགོས། ཞིང་སྡེར་ཕན་ཡོད་ཀྱི་འགན་ལེན་དངོས་པོ་ཁྱབ་ཁོངས་རྒྱ་ཆེར་བཏང་བའི་རྨང་གཞི་ཐོག ཞིང་སྡེའི་རྣམ་པ་སྣ་ཚོགས་ཀྱི་འགན་ལེན་བྱེད་སྟངས་ཚོད་ཞིབ་གོང་འཕེལ་གཏོང་བར་བརྩོན་པ་སྐྱེད་དགོས། ཞིང་སྡེའི་དངུལ་ལོར་ལས་ཁུངས་ཀྱིས་ནགས་དབང་གཏའ་མའི་དངུལ་བུན་བྱེད་སྒོ་སྤེལ་བ་ལ་ཁྲིད་སྟོན་བྱེད་དགོས།


མཉམ་སྤྱོད།