དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞིང་སྡེའི་དངུལ་ལོར་ཞབས་ཕྱིའི་སྤུས་ཀ་དང་ཆུ་ཚད་ཕྱོགས་གང་དག་ནས་མཐོར་འདེགས་གཏོང་དགོས།

2024-11-19 10:51:02   |   200

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

2010ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་པ་ལྟར་ན། དུས་ཉེ་ཆར་ཞིང་སྡེའི་དངུལ་ལོར་ཞབས་ཕྱིའི་སྤུས་ཀ་དང་ཆུ་ཚད་དེ་གཙོ་བོ་གཤམ་གྱི་ཕྱོགས་འགའ་གཙིགས་སུ་བཟུང་ནས་མཐོར་འདེགས་གཏོང་དགོས་ཏེ།

(1)ནོར་ཁྲལ་སྲིད་ཇུས་དང་ཞིང་སྡེའི་དངུལ་ལོར་སྲིད་ཇུས་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་བྱས་ཐོག དེ་བས་མང་བའི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་དེ“ཞིང་གསུམ”དུ་འཇོག་པ་ལ་ཁྲིད་སྟོན་བྱས་ཏེ། ཞིང་སྡེའི་དངུལ་ལོར་གྲབས་གཤོམ་བྱེད་དཀའ་བའི་གནད་དོན་དོན་དམ་དུ་ཐག་གཅོད་དགོས། ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་དཔྱ་ཁྲལ་དམིགས་བསལ་སྲིད་ཇུས་དང་། ཁ་ཕྱོགས་གཏན་དུ་ཕབ་པའི་འཛད་གྲོན་ཁ་གསབ་སྲིད་ཇུས་དང་། སྡོམ་གྲངས་འཕར་ན་བྱ་དགའ་སྟེར་བའི་སྲིད་ཇུས་སོགས་དངོས་འབེབ་དང་འཐུས་ཚང་དུ་གཏོང་དགོས། རྫོང་ཁོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་སྡུད་ལེན་གསར་པའི་བཅོལ་དངུལ་དེ་གཙོ་བོ་ས་དེ་གར་དངུལ་བུན་གཏོང་བའི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་དགོས།

(2)ཞིང་སྡེའི་བཅོས་སྒྱུར་གོང་འཕེལ་གཏོང་ས་གཙོ་བོའི་ཁྱབ་ཁོངས་དང་ཞན་པའི་ལྷུ་ལག་ལ་དངུལ་ལོར་གྱི་སྲིད་ཇུས་རང་བཞིན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཞིང་ལས་གོང་འཕེལ་དངུལ་ཁང་གི་ཞིང་སྐྱོར་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ཞིང་ལས་གསར་སྤེལ་དང་ཞིང་སྡེའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་དུས་ཡུན་རིང་འབྲིང་གི་སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་བྱེད་སྒོ་རྒྱ་ཆེར་སྤེལ་དགོས།

(3)ཞིང་སྡེའི་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བར་བརྩོན་པ་སྐྱེད་དགོས། སྡེ་བ་དང་གྲོང་རྡལ་གྱི་དངུལ་ཁང་དང་དངུལ་བུན་སྤྱི་གཉེར་དང་། ཞིང་སྡེའི་མ་དངུལ་ཕན་ཚུན་རོགས་རེས་ཁང་སོགས་སྐྱེད་སྲིང་མགྱོགས་པོ་བྱས་ཐོག གོ་རིམ་ཡོད་པའི་སྒོ་ནས་གྲངས་ཉུང་དངུལ་བུན་རྩ་འཛུགས་གོང་འཕེལ་བཏང་ནས། སྤྱི་ཚོགས་ཁྲོད་ཀྱི་མ་དངུལ་དེ“ཞིང་གསུམ”གྱི་དགོས་མཁོ་དང་མཐུན་པའི་དངུལ་ལོར་རྩ་འཛུགས་གསར་པ་སྣ་ཚོགས་འཛུགས་པ་ལ་ཁྲིད་སྟོན་བྱེད་དགོས།

(4)རྒྱང་རིང་མཐའ་འཁོར་ས་ཁུལ་དུ་ཞིང་སྡེ་དངུལ་ལོར་ལས་ཁུངས་འཛུགས་གྲོན་ཁ་གསབ་བྱ་ཐབས་གཏན་འབེབས་མྱུར་བ་མྱུར་བར་བྱས་ན། ལོ་གསུམ་ནང་དུ་རྨང་གཞི་ཅན་གྱི་དངུལ་ལོར་ཞབས་ཕྱི་མེད་པའི་ཞང་དང་གྲོང་རྡལ་མེད་པར་བྱེད་དགོས། དངུལ་ལོར་ཐོན་རྫས་དང་ཞབས་ཕྱི་ཞུ་སྟངས་གསར་སྐྲུན་བྱེད་པ་དང་། ཞིང་སྡེའི་ཡིད་རྟོན་ཁོར་ཡུག་འཛུགས་སྐྲུན་ལེགས་པོ་བྱས་ཏེ། ཞིང་སྡེའི་དངུལ་ལོར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་དགོས། ཞིང་ལས་ཐོན་ལས་འཕེལ་རྒྱས་ཐེབས་རྩ་འཛུགས་དགོས།

(5)ཞིང་ལས་ཉེན་འགོག་གྲོན་དངུལ་གྱི་ཁ་གསབ་ཀྱི་རིགས་དང་ས་ཁུལ་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་ལ་བརྩོན་པ་བསྐྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ནུབ་ཕྱོགས་ས་ཁུལ་གྱི་ཉེན་འགོག་གྲོན་དངུལ་ཁ་གསབ་བྱེད་ཤུགས་རྒྱ་ཆེར་གཏོང་བ། 

(6)ས་གནས་སོ་སོས་ཁྱད་ཚོས་ལྡན་པའི་ཞིང་ལས་དང་ཞིང་ཁང་དག་གི་ཉེན་འགོག་ལ་ཉེན་འགོག་གྲོན་དངུལ་ཁ་གསབ་བྱེད་པར་སྐུལ་མ་གཏོང་དགོས། ཞིང་སྡེའི་དངུལ་ཉུང་ཉེན་འགོག་གོང་འཕེལ་གཏོང་དགོས། ཞིང་ལས་ཡང་སྐྱར་ཉེན་འགོག་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གནོད་པ་ཆེན་པོའི་ཉེན་ཁ་སིལ་བུར་གཏོང་བའི་ནང་རྐྱེན་འཛུགས་དགོས། ཆ་རྐྱེན་དང་མཐུན་པའི་ཞིང་འབྲེལ་ཁེ་ལས་ཚོང་རར་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ།


མཉམ་སྤྱོད།