དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཞིང་སྡེའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་ཇི་ལྟར་འཛུགས་རྒྱུ།

2024-11-21 10:05:08   |   818

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཁྱབ་རྒྱ་ཆེ་ཞིང་། ཕལ་ཆེར་འགན་སྲུང་ཐུབ་པ། རིམ་པ་མང་བ། རྒྱུན་མཐུད་ཐུབ་པ་ཞེས་བྱ་བའི་རྩ་དོན་ལག་བསྟར་བྱས་ཐོག ཞིང་སྡེའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་མགྱོགས་པོ་བཏང་ན། གཤམ་གྱི་ཐབས་ལམ་བརྒྱུད་ནས་མངོན་འགྱུར་བྱེད་དགོས་ཏེ།

(1)མི་སྒེར་གྱིས་གྲོན་དངུལ་སྤྲོད་པ་དང་། ཐུན་མོང་གིས་རོགས་རམ་བྱེད་པ། སྲིད་གཞུང་གིས་ཁ་གསབ་བྱེད་པ་བཅས་གཅིག་ཏུ་སྦྲེལ་བའི་བླང་བྱ་ལྟར། ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་ལམ་ལུགས་གསར་པ་འཛུགས་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་ཉེན་འགོག་ལམ་ལུགས་བར་གྱི་འབྲེལ་མཐུད་བྱ་ཐབས་ལ་མཐུན་རྐྱེན་ཚོད་ཞིབ་གསར་སྐྲུན་བྱེད་རྒྱུ།

(2)ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ཐོག སྲིད་ཇུས་དང་ཁྲིམས་སྲོལ་དང་སྒྲུབ་ལུགས་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་བཏང་བའི་རྨང་གཞི་ཐོག ཆ་རྐྱེན་དང་མཐུན་པའོ་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་ཚང་མ་མ་མཐའི་འཚོ་བ་འགན་སྲུང་ཁྱབ་ཁོངས་སུ་ཆུད་དུ་འཇུག་རྒྱུ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་བྱེད་ཤུགས་ཇེ་ཆེར་བཏང་ནས་འགན་སྲུང་བྱེད་དགོས་སོ་ཅོག་འགན་སྲུང་བྱེད་པ་དང་། མུ་མཐུད་དུ་འགན་སྲུང་ཚད་གཞི་དང་རོགས་གསབ་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།  

(3)ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབ་བྱས་ཐོག འགན་ལེན་ལྔའི་བསྙེན་བཀུར་བྱེད་ཡུལ་པའི་ཁེ་དབང་འགན་སྲུང་བྱས་ཏེ། བསྙེན་བཀུར་ཆུ་ཚད་དེ་ས་དེ་གའི་ཞིང་པའི་ཆ་སྙོམས་འཚོ་བའི་ཆུ་ཚད་དུ་ཐོན་པ་འགན་སྲུང་བྱེད་རྒྱུ།

(4)ཞིང་སྡེའི་གནོད་ཐེབས་མང་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། དམག་གི་ཁྱིམ་མི་དང་གཡུལ་གཤེགས་དམག་གི་ཁྱིམ་མི་དང་། རྨས་སྐྱོན་གྱི་དབང་གིས་དམག་ཁོངས་ནས་ཕྱུང་བའི་དམག་མིའི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབ་ལེགས་པོ་བྱེད་རྒྱུ། རྒན་པར་རོགས་སྐྱོར་དང་སྐྱོན་ཅན་ལ་རོགས་རམ། དྭ་ཕྲུག་ལ་རོགས་སྐྱོབ། དབུལ་ཕོངས་ལ་སྦྱིན་པ། མུག་སྐྱོབ་སོགས་གཅོ་ཡིན་པའི་སྤྱི་ཚོགས་ཕན་བདེ་དང་སྙིང་རྗེ་བྱ་གཞག་གོང་འཕེལ་གཏོང་རྒྱུ། ཞིང་སྡེའི་རྒན་པའི་ཞབས་ཕྱི་གོང་འཕེལ་གཏོང་རྒྱུ། ཞིང་སྡེའི་དབང་པོ་སྐྱོན་ཐེབས་སྔོན་འགོག་དང་དབང་པོ་སྐྱོན་ཅན་གྱི་སླར་བདེ་བྱ་བར་ཤུགས་སྣོན་བྱས་ནས། ཞིང་སྡེའི་དབང་པོ་སྐྱོན་ཅན་བྱ་གཞག་གོང་དུ་འཕེལ་བར་སྐུལ་ལྕག་གཏོང་རྒྱུ། ནང་སྒོས་སུ་ནན་བཤད་བྱེད་དགོས་པ་ནི། འདེབས་ཞིང་གཞུང་སྡུད་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་ལེགས་སྒྲུབ་བྱས་ཐོག ཐོག་མར་འགན་སྲུང་དང་རྗེས་སུ་འདེབས་ཞིང་སྡུད་པ་བྱེད་ཐུབ་པར་བྱས་ནས།  འདེབས་ཞིང་གཞུང་སྡུད་བྱས་པའི་ཞིང་པའི་གཞི་རྩའི་འཚོ་བ་ཡུན་རིང་དུ་འགན་སྲུང་བྱེད་རྒྱུ།


མཉམ་སྤྱོད།