དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་ལ་ད་ལྟ་ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་གང་དག་ཡོད།

2024-11-26 09:06:05   |   840

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

རང་རྒྱལ་གྱི་ཞིང་སྡེའི་ད་སྤྱོད་སྤྱི་ཚོགས་འགན་སྲུང་ལམ་ལུགས་ལ་བྱེ་བྲག་ཏུ་རིགས་འདི་དག་ཡོད་དེ།

(1)མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཞེས་པ་ནི། ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ལས་དམའ་བའི་ཞིང་སྡེའི་དབུལ་ཕོངས་གང་ཟག་ལ་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ལས་དམའ་བའི་ཆད་གྲངས་ཁ་གསབ་བྱེད་པའི་ལམ་ལུགས་ལ་ཟེར་བའོ།

(2)འགན་ལེན་ལྔའི་བསྙེན་བཀུར་ལམ་ལུགས། ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་ཞེས་པ་ནི། རྒྱལ་ཁབ་ཀྱི《ཞིང་སྡེའི་འགན་སྲུང་ལྔའི་བསྙེན་བཀུར་བྱ་བའི་སྲོལ་ཡིག》གི་གཏན་འབེབས་ལྟར་ན། ཟ་མ་དང་། གྱོན་གོས། སྡོད་ཁང་། སྨན་བཅོས། འདས་སྐྱེལ་བཅས་ཕྱོགས་ལྔ་ནས་ཞིང་པའི་འཚོ་བ་ལ་གཟིགས་སྐྱོང་དང་དངོས་པོས་རོགས་བྱེད་པར་སྟོན་པའོ།

(3)གཟིགས་སྐྱོང་ལམ་ལུགས། ལམ་ལུགས་འདི་ནི་ཅུང་ཁྱད་པར་ཅན་གྱི་འགན་སྲུང་ཞིག་ཡིན། འགན་སྲུང་བྱ་ཡུལ་ནི་དམར་དམག་རྒན་པ་དང་། དམག་ཁོངས་ནས་ལོག་པའི་དམག་མི། གཡུལ་འདས་དམག་གི་ཁྱིམ་པ། གཡུལ་ནས་རྨས་བྱུང་དམག་མི་སོགས་ཡིན། འབྲེལ་ཡོད་སྲིད་ཇུས་ལྟར་ན། གོང་གི་མི་རྣམས་ལ་གཟིགས་སྐྱོང་འདྲ་མིན་བྱེད་པ་དང་། བྱེད་སྒོ་ནི་དམངས་སྲིད་ལས་ཁུངས་ཀྱིས་འགན་ཁུར་ནས་གཙོ་སྒྲུབ་བྱེད་པ་ཡིན།

(4)ཞིང་སྡེའི་སྤྱི་ཚོགས་འགན་གསོ་འགན་སྲུང་ལམ་ལུགས། “མི་སྒེར་རང་གིས་སྤྲོད་པ་གཙོ་བྱེད་པ་དང་། ཐུན་མོང་གིས་ཁ་གསབ་བྱེད་པ་ཕལ་བ་དང་། རྒྱལ་ཁབ་ཀྱིས་སྲིད་ཇུས་རོགས་སྐྱོར་མཛད་པ”ཞེས་བྱ་བའི་མ་དངུལ་གྲབས་གཤོམ་རྩ་དོན་ལྟར། མི་སྒེར་རང་ཉིད་ཀྱི་རྩིས་ཐོ་རུ་གསོག་པ་རྣམ་པ་གཙོ་ཡིན་པའི་ཞིང་སྡེའི་རྒན་གསོ་འགན་ལེན་བྱེད་པ་དང་། རྫོང་སྡེ་ཚན་དུ་བྱས་ཏེ་ས་གནས་སོ་སོར་ཁྱབ་སྤེལ་བྱེད་བཞིན་ཡོད།

(5)འཆར་ལྡན་བུ་བཙའ་བྱ་དགའ་རོགས་སྐྱོར་ལམ་ལུགས།

(6)ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་རྣམ་པ་གསར་པ། ཞིང་པའི“ནད་བྱུང་བས་དབུལ་པོར་གྱུར་པ་དང་། ནད་བྱུང་བས་ཡང་བསྐྱར་དབུལ་པོར་གྱུར་པའི”གནད་དོན་ཐག་གཅོད་བྱེད་ཆེད་དང་། ཞིང་པའི་རྩ་བའི་སྨན་བཅོས་རེ་བ་འགན་སྲུང་བྱེད་ཆེད་དུ། 2002ལོར་རང་རྒྱལ་ལ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་རྣམ་པ་གསར་པ་ལག་བསྟར་བྱེད་མགོ་བརྩམས། ལམ་ལུགས་འདི་ནི་སྲིད་གཞུང་གིས་རྩ་འཛུགས་དང་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་འོག ཞིང་པ་རང་འདོད་དུ་དེའི་ནང་དུ་ཞུགས་པ། སྲིད་གཞུང་དང་ཐུན་མོང་དང་མི་སྒེར་བཅས་གསུམ་གྱི་ཕྱོགས་ནས་མ་དངུལ་གྲབས་གཤོམ་བྱེད་པ། ནད་ཆེན་པོ་བྱུང་ན་གཅིག་གྱུར་འཆར་འགོད་བྱེད་པ་གཙོ་ཡིན་པའི་ཞིང་པ་སྨན་བཅོས་ཀྱི་ཕན་ཚུན་རོགས་རམ་དང་མཉམ་དུ་སྲོག་སྐྱོབ་ཀྱི་ལམ་ལུགས་ཞེས་པའོ།


མཉམ་སྤྱོད།