དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཀྱི་དམིགས་འབེན་གཙོ་བོ་ཅི་ཞིག་ཡིན།

2024-11-27 09:38:21   |   1084

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

རྒྱལ་ཡོངས་ནས་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་བཙུགས་ནས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ཞིང་སྡེའི་དབུལ་ཕོངས་མང་ཚོགས་རྣམས་འགན་སྲུང་གི་ཁྱབ་ཁོངས་ནང་དུ་འཇུག་པ་དང་། རྒྱལ་ཡོངས་ཀྱི་ཞིང་སྡེའི་དབུལ་པོའི་ཟས་གོས་གཉིས་ཀྱི་གནད་དོན་ཕུགས་སུ་ཐག་གཅོད་བཟང་པོ་བྱེད་པ་དག་ནི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་ཀྱི་དམིགས་འབེན་གཙོ་བོ་ཡིན། དམིགས་འབེན་འདི་གཏན་དུ་ཕབ་པ་ལ་གཙོ་བོ་གཤམ་གྱི་ཕྱོགས་གཉིས་ནས་བསམ་བློ་བཏང་བ་ཡིན་ཏེ། 

གཅིག་ནས《ཀྲུང་གོ་རྒྱལ་ཁབ་ཀྱི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་རྩ་གནད(2001-2010)》ལས། 2010ལོ་སྔོན་དུ་དབུལ་པོ་ཉུང་ཤས་ཀྱི་ཟས་གོས་གནད་དོན་ཐག་གཅོད་མྱུར་མོ་བྱེད་དགོས་ཞེས་སོ། དམིགས་འབེན་འདི་མངོན་འགྱུར་བྱེད་དགོས་ན། ཕྱོགས་གཅིག་ནས་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། ངལ་རྩོལ་ནུས་པ་ཡོད་པའི་དབུལ་པོས་ཐོན་སྐྱེད་གོང་འཕེལ་བཏང་བ་བརྒྱུད་དེ་རང་ཁ་རང་གསོ་དང་། རིམ་གྱིས་དབུལ་ཕོངས་ལས་ཐར་བར་བྱེད་པ། ཕྱོགས་གཞན་ཞིག་ནས་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་དེ་མ་མཐའི་འཚོ་བའི་དགོས་མཁོ་སྲུང་འཛིན་བྱེད་མི་ཐུབ་པར་ལོ་རྒྱུན་དུ་དཀའ་ངལ་གྱི་གནས་སུ་ལུས་པའི་མི་རྣམས་ལ་རོགས་སྐྱོབ་བྱེད་པ། གཉིས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་མ་མཐའི་འཚོ་བའི་འགན་སྲུང་གིས་རོགས་སྐྱོབ་བྱེད་པ་བརྒྱུད་ནས་མ་མཐའི་འཚོ་བའི་ཆུ་ཚད་སྲུང་འཛིན་བྱེད་ཐུབ་པ་དང་མང་ཚོགས་ཀྱི་རྩ་བའི་འཚོ་བའི་ཁེ་ཕན་འགན་སྲུང་བྱས་ཐོག ཞིང་སྡེ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ངང་གོང་དུ་འཕེལ་བར་སྐུལ་ལྕག་གཏོང་ཆེད། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལས། 2020ལོར་ཐོན་ཚེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་པ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པའི་དམིགས་འབེན་ལས་འགན་བཏོན། བླང་བྱ་འདི་ལྟར་ན། ཞིང་སྡེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་སྤྱི་དང་། ལྷག་པར་དུ་མ་མཐའི་འཚོ་བའི་འགན་སྲུང་འདི་རྒྱ་ཆེ་བའི་ཞིང་སྡེའི་མང་ཚོགས་ལ་དགོས་གལ་ཤིན་ཏུ་ཆེ་བས་རྩ་བའི་འཚོ་བའི་འགན་སྲུང་ལམ་ལུགས་འདི་མྱུར་བ་མྱུར་བར་འཛུགས་དགོས་པའོ།


མཉམ་སྤྱོད།