དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་ཁྱབ་ཁོངས་ནི་ཇི་ལྟར་གཏན་འཁེལ་བྱས་ཡོད།

2024-11-28 08:47:42   |   975

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ནི་ཁྱིམ་ཚང་གི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་ས་དེ་གའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ལས་དམའ་བའི་ཞིང་སྡེའི་གཞི་པ་ཡིན།  གཙོ་བོ་ནད་ཀྱིས་ལུས་ཕུང་སྐྱོན་ཅན་དུ་གྱུར་པ་དང་།  རྒས་པས་ཕུང་པོ་ཉམས་པར་གྱུར་པ་དང་།  ལས་ཀ་བྱེད་པའི་ནུས་པ་མེད་པ་དང་།  དེ་མིན་འཚོ་གནས་ཆ་རྐྱེན་ཤིན་ཏུ་སྡུག་པ་བཅས་ཀྱི་དབང་གིས་ལོ་རྒྱུན་འཚོ་བ་ལ་དཀའ་ངལ་ཡོད་པའི་ཞིང་སྡེའི་གཞི་པ་ཡིན།  ས་གནས་སོ་སོས་གཏན་དུ་ཕབ་པའི་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཁྱབ་ཁོངས་ལ་སྤྱིར་བཤད་ན།  ས་དེ་གའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ལས་དམའ་བའི་ཞིང་སྡེའི་དཀའ་ངལ་ཡོད་པའི་མང་ཚོགས་ཡིན།  ས་གནས་སོ་སོས་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་བལྟས་ན།  ས་ཁུལ་མང་ཤས་སུ་འགན་སྲུང་གི་གནད་ས་དེ་ནི་ནད་ཡོད་པ་དང་།  ཕུང་པོར་སྐྱོན་ཡོད་པ།  ལོ་རྒས་ལུས་ཉམས།  ཁྱིམ་ཚང་ལ་ངལ་རྩོལ་པ་ཉུང་བ།  འཚོ་གནས་ཆ་རྐྱེན་སྡུག་པ་སོགས་དབང་གིས་ཁྱིམ་ཚང་གི་འཚོ་བ་ལ་ལོ་རྒྱུན་དུ་དཀའ་ངལ་ཡོད་པའི་གང་ཟག་ལ་བབས་ཡོད།  འདིའི་རྒྱུ་མཚན་གཙོ་བོ་ནི།  ས་ཁུལ་མང་ཤས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བ་དེ་ཐོག་མར་མགོ་བརྩམས་པ་ཡིན་པ་དང་།  ནོར་ཤུགས་མི་འདང་བའི་ཕྱིར་རོ།   ཐོག་མར་ཞིང་སྡེའི་ཆེས་དཀའ་ངལ་ཡོད་པའི་མང་ཚོགས་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་འཇོག་པ་དང་།  རིམ་གྱིས་གོང་འཕེལ་གཏོང་བ།  དུས་ཚོད་དུ་མ་ཞིག་གི་འབད་པ་བརྒྱུད་ནས།  མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ལས་དམའ་བའི་མི་ཚང་མར་མ་མཐའི་འཚོ་བ་འགན་སྲུང་འཐོབ་ཐུབ་པ་བྱས་ནས“སྲུང་དགོས་པ་ཐམས་ཅད་སྲུང་བར་བྱེད་པ”མངོན་འགྱུར་བྱེད་རྒྱུ།  དེ་དང་ཆབས་ཅིག་ཏུ།  གཙོ་བོ་ཁྱིམ་ཚང་ལ་ངལ་རྩོལ་པ་མེད་པའི་དབུལ་ཕོངས་གང་ཟག་ལ་འགན་སྲུང་བྱེད་རྒྱུ་ཡིན།  དེ་ལྟར་བྱས་ན།  དཀའ་ངལ་ཡོད་ཀྱང་ངལ་རྩོལ་ནུས་པ་ཡོད་པའི་མང་ཚོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཐོན་སྐྱེད་གོང་དུ་སྤེལ་བ་ལ་སྐུལ་ལྕག་ཐེབས་ཐུབ་པ་དང་།  རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཚོ་བའི་དཀའ་ངལ་སེལ་བར་ཕན་ཐོགས་ངེས་ཡིན།


མཉམ་སྤྱོད།